༄༅།། ཐུབ་བསྟན་དཔལ་ལྡན་གྱིས་པར་དུ་བླངས་པའི་རི་སྐྱེས་སྲོག་ཆགས་ཤྭ་བ་མཆུ་དཀར།

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 08-02


        ཆེད་བསྒྲིགས་《ཤྭ་བ་མཆུ་དཀར།》ཞེས་པའི་ལེ་ཚན་འདིའི་པར་རིས་འདི་དག་ནི་པར་མཁན་ཐུབ་བསྟན་དཔལ་ལྡན་གྱིས་ལོ་མང་པོའི་རིིང་ལ་བོད་ཁུལ་གྱི་ས་ཆ་མང་པོ་ཞིག་ལ་ཕེབས་ནས་བླངས་པ་ཡིན་ལ། ཁོ་བོ་གཙང་གསུམ་འགོ་ཁུངས་ཀྱི་ལྟེ་བ་སྟེ་མཚོ་སྔོན་དང་སི་ཁྲོན་སོགས་སུ་ཕེབས་ནས་བླངས་པའི་ཤྭ་བ་མཆུ་དཀར་གྱི་པར་རིས་ཁ་ཤས་ཆེད་སྒྲིག་འདིའི་ནང་བཀོད་ཡོད།
        ཤྭ་བ་མཆུ་དཀར་(རིག་གཞུང་གི་ཐ་སྙད་ལGervus albirostrisཟེར།)ཀྲུང་གོའི་ཁྱད་ལྡན་གྱི་སྲུང་སྐྱོབ་སྲོག་ཆགས་ཡིན་ལ། ཤྭ་དམར་ཞེས་ཀྱང་འབོད། དེ་ནི་ཤྭ་བ་སེར་ཆེན་གྱི་གཟུགས་དང་འདྲ་ལ་ཤྭ་བའི་ཁྲོད་ནས་གཟུགས་གཞི་ཆེ་ཤོས་ཡིན། ནར་སོན་པའི་ཤྭ་བ་མཆུ་དཀར་ཞིག་གི་གཟུགས་ཕལ་ཆེར་སྨི་2ཡོད་ལ། སྤུ་སྦོམ་ཞིང་རྩུབ་ལ་སྤུ་སོབ་མེད། ལུས་ཧྲིལ་པོར་སྤུ་ཧ་ཅང་སྟུག་པོ་ཡོད་ལ། དབྱར་དགུན་གྱི་དུས་སུ་སྤུ་མདོག་ལ་འགྱུར་ལྡོག་ཡོད་དེ། དགུན་དུས་སུ་སྤུ་སྦོམ་ཞིང་མཐུག་པ་དང་སྐྱེས་ཚུལ་ཀྱང་དྲང་ཐད་ཀྱིས་སྐྱེས་ནས་སྤུ་མགོ་ཅུང་འཁྱིལ་ཡོད། དབྱར་དུས་སུ་སྤུ་སྲབ་ཅིང་ཞིབ་མོ་ཡིན། མཆུ་ཏོ་སྒོར་དབྱིབས་སུ་གྲུབ་ཅིང་མདོག་དཀར་པོ་ཡིན་པས་ཤྭ་བ་མཆུ་དཀར་ཞེས་ཀྱང་བྱ། དེ་ཡང་ཚབ་མཚོན་རང་བཞིན་ལྡན་པའི་ས་མཐོ་གྲང་ཆེ་བའི་གནས་སུ་འཚོ་བའི་སྲོག་ཆགས་ཤིག་ཡིན། རྒྱུན་དུ་མཚོ་འཕགས་སྨི་3000དང་5000ཡོད་པའི་ནགས་ཁྲོད་དང་རྩྭ་ཐང་དུ་འཚོ་བ་རོལ་བཞིན་ཡོད། སྔོན་ཁེབས་གཙོ་བོ་ནི་མཐོ་རིའི་ཁབ་ལོའི་ནག་དང་མཐོ་རིའི་རྩྭ་ཐང་། ཁ་ཟས་གཙོ་བོར་རྩྭ་ལྗང་ཡིན་ཞིང་ནགས་ལྕང་དང་ཤིང་སྟག་མ་སོགས་རྩི་ཤིང་གི་ལོ་མའང་ཟས་སུ་ཟ་ལ་དཔྱིད་དང་དབྱར་གྱི་དུས་སུ་ཚྭ་བལྡག་པའི་གོམས་སྲོལ་ཡང་ཡོད། ཁྱུ་ཚོགས་ཀྱི་གཞི་ཁྱོན་ནི་དུས་ཚིགས་དང་ཁོར་ཡུག་གི་ཁྱད་པ་ལས་འགྱུར་ལྡོག་ཡོད། གཙོ་བོ་མཚོ་བོད་མཐོ་སྒང་དང་མཐའ་འཁོར་གྱི་མཐོ་སྒང་རྩྭ་ཐང་ས་ཁུལ་དུ་འཚོ་གནས་བྱེད་བཞིན་ཡོད་ལ། མཚོ་སྔོན་དང་ཀན་སུའུ། དཀར་མཛེས་ཀྱི་ནུབ་ཁུལ་དང་བོད་ལྗོངས། ཡུན་ནན་གྱི་བྱང་སོགས་སུ་ཡང་འཚོ་གནས་བྱེད་བཞིན་ཡོད།

        ཤྭ་བ་མཆུ་དཀར་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཡིན་ཡང་། དཔལ་འབྱོར་གྱི་རིན་ཐང་ཆེན་པོ་ཡོད་པས་ལྐོག་རྔོན་བྱེད་མཁན་ཡང་ཧ་ཅང་མང་། ཡིན་ནའང་ཉེ་བའི་ལོ་འགའི་ནང་། རང་རྒྱལ་གྱིས་རི་སྐྱེས་སྲོག་ཆགས་ཀྱི་སྲུང་སྐྱོབ་བྱེད་ཤུགས་ཇེ་ཆེ་དང་དེའི་སྐོར་གྱི་བཅའ་ཁྲིམས་དེ་བས་འཐུས་ཚང་དུ་བཏང་འོག ས་གནས་སྲིད་གཞུང་གིས་གནས་དེ་གའི་གནས་ཚུལ་དངོས་དང་འབྲེལ་ནས་སྲུང་སྐྱོབ་ཀྱི་ཐབས་ཤེས་དང་རེ་བ་བཏོན་ནས་འབྲས་བུ་གཡུར་དུ་ཟ་བ་ཐོབ་ཡོད་པས། ཤྭ་བ་མཆུ་དཀར་གྱི་གྲངས་འབོར་ལོ་རེ་ནས་ལོ་རེར་ཇེ་མང་དུ་འགྲོ་བཞིན་ཡོད་ལ་སྐྱེ་ཁམས་དོ་མཉམ་དང་འཆམ་མཐུན་གྱི་ཁོར་ཡུག་ཀྱང་ལེགས་པོ་ཞིག་ཆགས་ཡོད་པ་རེད། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1