༄༅།། ས་ཆ་འགན་གཙང་སྤྲོད་ལེན་སྐོར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 08-09


        འགན་གཙང་གན་རྒྱའི་དོ་བདག་གིས་གན་རྒྱའི་འོས་འགན་ལས་འགལ་ཚེ་ཁ་ཆད་ལས་འགལ་བའི་འགན་འཁྲི་གང་ཞིག་ངེས་པར་དུ་འཁུར་དགོས་སམ།
        《གྲོང་གསེབ་ས་ཆ་འགན་གཙང་བཅའ་ཁྲིམས》ཀྱི་དོན་ཚན་56ནང་གཏན་འབེབས་བྱས་དོན། འབྲེལ་ཡོད་དོ་བདག་ཕྱོགས་གཅིག་པུས་གན་རྒྱའི་འོས་འགན་མ་བསྒྲུབས་པའམ་འོས་འགན་སྒྲུབ་སྐབས་ཁ་ཆད་དང་མི་འཚམ་ན་ངེས་པར་དུ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གན་རྒྱའི་བཅའ་ཁྲིམས》ཀྱི་གཏན་འབེབས་གཞིར་བཟུང་ཁ་ཆད་ལས་འགལ་བའི་འགན་འཁྲི་འཁུར་དགོས།
        གལ་ཏེ་དོ་བདག་གིས་གན་རྒྱའི་ནང་ཁ་ཆད་ལས་འགལ་བའི་འགན་འཁྲི་འཁུར་བའི་དོན་ཚན་གཏན་ལ་ཕབ་ཡོད་ཚེ། ཁ་ཆད་ལས་འགལ་བ་ཐོན་སྐབས་དང་ཐོག་ངེས་པར་དུ་གན་རྒྱའི་ཁ་ཆད་ལྟར་ཐག་གཅོད་བྱེད་དགོས།《གན་རྒྱའི་བཅའ་ཁྲིམས》དོན་ཚན་ཨང་114ནང་གཏན་འབེབས་བྱས་དོན། ཁ་ཆད་བྱས་པའི་ཆད་དངུལ་དེ་གྱོང་གུན་ཕོག་པ་ལས་ཉུང་བ་ཡོད་ཚེ། དོ་བདག་གིས་མི་དམངས་ཁྲིམས་ཁང་ངམ་ཡང་ན་ཁྲུན་གཅོད་སྒྲིག་གཞིར་རེ་འདུན་ཞུས་ནས་ཁ་སྣོན་བྱེད་པ་དང་། ཁ་ཆད་བྱས་པའི་ཆད་དངུལ་གྱོང་གུན་ཕོག་པ་ལས་ཧ་ཅང་གི་མང་བ་ཡོད་ཚེ། དོ་བདག་གིས་མི་དམངས་ཁྲིམས་ཁང་ངམ་ཡང་ན་ཁྲུན་གཅོད་སྒྲིག་གཞིར་རེ་འདུན་ཞུས་ནས་འོས་འཚམ་ཉུང་དུ་གཏོང་ཐབས་བྱེད་དགོས།
        ཁྲིམས་འགལ་གྱིས་ས་ཆ་བསྡུ་སྤྱོད་དང་བཟུང་སྤྱོད་བྱས་ཚེ་ངེས་པར་དུ་ཐག་གཅོད་གང་འདྲ་བྱེད་དགོས་སམ།
        ཁྲིམས་འགལ་གྱིས་ས་ཆ་བཟུང་སྤྱོད་ཅེས་པ་གཙོ་བོ་ནི་ས་ཆ་དོ་དམ་ཁྲིམས་ལུགས་ཁྲིམས་སྲོལ་གྱི་གཏན་འབེབས་ལས་འགལ་ཏེ་ཁྲིམས་མཐུན་གྱི་ཆོག་མཆན་མ་ཐོབ་པར་ས་ཆ་བཟུང་སྤྱོད་ཀྱི་བྱེད་སྤྱོད་ལ་ཟེར་ཞིང་། 《གྲོང་གསེབ་ས་ཆ་འགན་གཙང་བཅའ་ཁྲིམས》ཀྱི་དོན་ཚན་59ནང་གཏན་འབེབས་བྱས་དོན། ས་ཆ་དོ་དམ་གྱི་ཁྲིམས་སྲོལ་ལས་འགལ་ཏེ་ཁྲིམས་འགལ་གྱིས་ས་ཆ་བསྡུ་སྤྱོད་དང་བཟུང་སྤྱོད་བྱས་ནས་ཉེས་པ་བསགས་ཚེ་ཁྲིམས་ལྟར་ཉེས་དོན་འགན་འཁྲི་རྩད་གཅོད་བྱ་རྒྱུ་དང་། མི་གཞན་ལ་གནོད་འཚེ་བཟོས་ཚེ་ངེས་པར་དུ་གནོད་འཚེ་སྐྱིན་འཇལ་སོགས་ཀྱི་འགན་འཁྲི་འཁུར་དགོས།
(བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་འཕྲིན་སྟེགས་ལས་བཤུས།)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1