གཙོ་ངོས།>> རྩོམ་རིག>>སྙན་རྩོམ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༧ལོའི་ཟླ་བ་༠༨ཚེས་༡༤ཉིན།

༄༅།། ཕ་ཡུལ།

གངས་བུ།           (འདན་མ།)

ངའི་ཕ་ཡུལ
མཐོན་པོ་ཡུལ་ལ་གནས
གངས་ཀྱི་དབུས་ན་ཆགས
གངས་རི་ལ་རྣམ་ཤེས་ཐོགས་ཡོད
ལང་ཚོ་ལ་གསོན་སྟོབས་རྒྱས་སོང


དེ་ཡི་ཕྱིར
སྤང་རི་དང་རྫ་རི་མཐོ་ཞིང་བརྗིད
གཙང་བོ་དང་ཆུ་བོ་དྭངས་ཤིང་གཙང
སྤང་ལྗོངས་དང་ས་གཞི་ཡངས་ཤིང་ཆེ་བས
ཀུན་གྱི་མིག་དབང་ལྷ་མོ་མགྲོན་དུ་ཕེབས་སོང
ཨེ་མ   བདག་གི་ཕ་ཡུལ    


ད་ནི  ནམ་མཁའ་ཕྲག་དོག་གིས་བཟི
བར་སྣང་ཁེངས་དྲེགས་ཀྱིས་མྱོས
ཉི་འོད་གངས་ལ་ཕོག་སོང
གངས་ཀྱི་རྣམ་ཤེས་རྒུད་བཞིན་འདུག
རླུང་བུ་གངས་ལ་ལྡང་སོང
གངས་ཀྱི་ལང་ཚོ་གཏོར་བཞིན་འདུག


ལྷག་ཏུ
ང་ཡི་ཡུལ་མི་ཚོ་ཡང
མེས་པོ་གོང་མས་གནང་བའི་རུས་པ་ཆག་སོང
ཟུངས་ཁྲག་བོར་སོང གསོན་སྟོབས་ཀྱང་ཉམས་སོང
ཨ་་་་ཡུལ་མི་ཚོ   ང་དང་ཁྱོད་ཀྱི་ཕ་ཡུལ་་་་

               2017/8/9 ཉིན་མོར་རང་ཤག་ནས།

39.7K

རྩོམ་ཡིག་སྔོན་མ།
སྤྱིའི་དེབ་9པ།
རྩོམ་ཡིག་རྗེས་མ།
ས་བདག་རྒྱལ་པོ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1