དཔལ་ཡུལ་རྫོང་གིས་ཐུམ་འབུའི་ནད་ཀྱི་སྔོན་འགོག་ཤེས་བྱ་ཁྱབ་བསྒྲགས་ཀྱི་བྱེད་སྒོ་སྤེལ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-23


        རོང་འབྲོག་མང་ཚོགས་རྣམས་ལ་སློབ་གསོ་དང་སྣེ་ཁྲིད་བྱས་ཏེ་གོམ་གང་མདུན་སྤོས་སྒོས་ཐུམ་འབུའི་ནད་ཀྱི་ཕྱོགས་བསྡུས་སྔོན་འགོག་ཤེས་བྱ་དང་ཐུམ་འབུའི་ནད་ལ་རྒྱུས་ལོན་བྱེད་པ། འཚོ་བའི་གོམས་གཤིས་ངན་པར་ལེགས་བཅོས་བྱས་ཏེ་ཕན་ནུས་ལྡན་པར་ཐུམ་འབུའི་ནད་སྔོན་འགོག་བྱ་ཆེད། ཉེ་ལམ། དཔལ་ཡུལ་རྫོང་ཐུམ་འབུའི་ནད་སྔོན་འགོག་གཞུང་སྒྲུབ་ཁང་དང་རྫོང་རིམས་འགོག་ལྟེ་གནས་གཉིས་ཀྱིས་མཉམ་འབྲེལ་གྱིས་དམངས་ཡོངས་ཟབ་ཞུགས་དང་མཉམ་དུ་སྔོན་འགོག་ཅེས་པ་བརྗོད་དོན་ཡིན་པའི་བདེ་ཐང་སློབ་གསོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ། 
        བྱེད་སྒོའི་ཡུལ་དངོས་སུ། ལས་བྱེད་མི་སྣས་མང་ཚོགས་རྣམས་ལ་རྒྱ་བོད་ཡིག་རིགས་གཉིས་ཀྱི་དྲིལ་བསྒྲགས་ཡིག་ཆ་དང་བློ་འདྲིའི་གར་སྟེགས། གཞན་བོད་རྒྱ་སྐད་ཡིག་གཉིས་ཀྱི་སྒྲོག་འགྲེལ་མི་སྣས་གོ་བདེ་མོའི་སྒོ་ནས་རོང་འབྲོག་མང་ཚོགས་རྣམས་ལ་ཐུམ་འབུའི་ནད་ཀྱི་གནོད་འཚེ་དང་སྔོན་འགོག་ཐབས་ལམ། འགོག་བཅོས་བྱེད་ཐབས། རོགས་སྒྲུབ་སྲིད་ཇུས་སོགས་ཀྱི་འབྲེལ་ཡོད་ཤེས་བྱ་ངོ་སྤྲོད་བྱས།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1