གཙོ་ངོས།>> རྩོམ་རིག>>སྙན་རྩོམ།

བིས་མདོ་བ་ཆོས་སྐྱོང་། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༧ལོའི་ཟླ་བ་༠༨ཚེས་༢༣ཉིན།

༄༅།། ཨ་མདོའི་སྐེ་རྒྱན།

བིས་མདོ་བ་ཆོས་སྐྱོང་། 


དམའ་བ་རོང་ན་མཛེས་ཡོད།།
མཛེས་པའི་མགུལ་ན་བཅིངས་ཡོད།།
རིགས་ཀྱི་ཀ་ཁའི་སྐེ་རྒྱན།།
འཇམ་པོ་བློ་ན་བརྒྱན་ཡོད།།
ཨ་མདོ་ལུང་གསུམ་མདོ་ཡིན།།
འཛོམས་པོ་དབྱངས་དང་གསལ་བྱེད།།
ལུང་གསུམ་ལྷུན་པོའི་རྒྱན་ཡིན།།
སྟོད་ཕྱོགས་འབྲོག་ན་མཛེས་ཡོད།།
མཛེས་པའི་མགུལ་ན་འཕྱང་ཡོད།།
རུས་ཀྱི་བརྩེ་བའི་སྐེ་རྒྱན།།
ཕྱིི་ཐག་སེམས་ན་འདང་ཡོད།།
ཨ་མདོ་ཆུ་གཉིས་འགྲམ་ཡིན།།
འཛོམས་པོ་སྤུན་དང་ན་ཟླ།།
རྨ་ཆུ་འབྲི་ཆུའི་རྒྱུན་ཡིན།།
ཟབ་མོ་བློ་ན་མཛེས་ཡོད།།
མཛེས་པའི་མགུལ་ན་བརྒྱན་ཡོད།།
མེས་པོ་དམ་པའི་གསུང་སྙན།།
ཁ་ཁོག་གཉིས་ན་འཁྱིལ་ཡོད།།
ཨ་མདོ་ཆོལ་གསུམ་སྤུན་ཡིན།།

འཛོམས་པོ་སེམས་དང་བསམ་པ།།

(2016ལོའི་སྦྲང་ཆར་དེབ་དང་པོ་ལས་བཤུས། )

39.7K

རྩོམ་ཡིག་སྔོན་མ།
གཟི་ཆུ་མིག་གཉིས་པ།
རྩོམ་ཡིག་རྗེས་མ།
ལོ་དེའི་དགུན་ཁར།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1