སྡེ་དགེ་རྫོང་བཟའ་བཅའ་དང་སྨན་རྫས་བཟོ་ཚོང་སྤུས་ཚད་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཨ་རག་ཁྲོམ་རར་གཙང་བཤེར་བྱས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-24


        ཉེ་ཆར། སི་ཁྲོན་ཞིང་ཆེན་དབྱི་པིང་འབྲུ་རིགས་སྣ་ལྔའི་ཨ་རག་མ་རྐང་ཚད་ཡོད་སྤྱི་གཉེར་ཁང་གི་འབྲེལ་ཡོད་མི་སྣས་ཐེར་འདོན་གོང་ཞུ་བྱས་པ་ལྟར།  སྡེ་དགེ་རྫོང་བཟའ་བཅའ་སྨན་རྫས་བཟོ་ཚོང་སྤུས་ཚད་ལྟ་སྐུལ་དོ་དམ་ཅུས་ཀྱིས་འབྲེལ་ཡོད་ཁྲིམས་འཛིན་མི་སྣ་སྒྲིག་འཛུགས་བྱས་ཏེ་ཨ་རག་དཀར་པོའི་ཁྲོམ་ར་ལ་ཕྱིན་ནས་གཙང་བཤེར་བྱ་སྤྱོད་སྤེལ་བ་རེད། 
        དབྱི་པིང་འབྲུ་རིགས་སྣ་ལྔའི་ཨ་རག་མ་རྐང་ཚད་ཡོད་སྤྱི་གཉེར་ཁང་གི་འབྲེལ་ཡོད་མི་སྣའི་རམ་འདེགས་འོག ཁྲིམས་འཛིན་མི་སྣས་ཨ་རག་ཚོང་གཉེར་བྱེད་མཁན་ཁ་ཤས་ཀྱི་ཚོང་ཁང་དང་ཚོང་ཟོག་གསོག་འཇོག་ཁང་དུ་ཏུའུ་ཚད་45ཡིན་པའི་འབྲུ་རིགས་སྣ་ལྔའི་ཨ་རག་རྫུན་མ་དམ་བེ་51ཞིབ་བཤེར་བྱས་ནས་རྙེད་པ་དང་། སྒོར་ཐོག་ཕབ་ན་སྒོར་9600.00ཡིན་པ་རེད། ཨ་རག་རྫུན་མ་འདི་དག་ནི་སི་ཁྲོན་ཞིང་ཆེན་དབྱི་པིང་འབྲུ་རིགས་སྣ་ལྔའི་ཨ་རག་མ་རྐང་ཚད་ཡོད་སྤྱི་གཉེར་ཁང་གི་ཐོ་འགོད་ཚོང་རྟགས་ཀྱི་ཆེད་སྤྱོད་དབང་ཆ་འཕྲོག་སྤྱོད་བྱས་པའི་ཁྲིམས་འགལ་ཚོང་རྫས་ཡིན་པས་ཁྲིམས་འཛིན་མི་སྣས《ཚོང་རྟགས་ཀྱི་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་གོང་གི་ཨ་རག་རྫུན་མ་རྣམས་གཞུང་བཞེས་བཀག་ཉར་བྱས་པར་མ་ཟད་ཁྲིམས་ལྟར་གྱོད་དོན་ཐོ་འགོད་བྱས་པ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1