གཙོ་ངོས།>> སློབ་གསོ།>>འཚོ་བའི་རྒྱུན་ཤེས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།སྐད་འཕྲིན། སྤེལ་དུས། ༢༠༡༧ལོའི་ཟླ་བ་༠༨ཚེས་༢༤ཉིན།

༄༅།། ང་ཚོས་ངེས་པར་ཤེས་དགོས་པའི་ས་ཡི་གོ་ལའི་ཕྱི་ངོས།

1.སའི་གོ་ལའི་ཕྱི་ངོས།
      སའི་གོ་ལའི་ཕྱི་ངོས་མང་ཆེ་ཤོས་རྒྱ་མཚོས་ཁེབས་ཡོད་པ་དང་།  ང་ཚོས་རྒྱ་མཚོ་དེ་རྒྱ་མཚོ་ཆེན་པོ་བཞིར་དབྱེ་བ་དང་།  རྒྱ་མཚོས་བསྐོར་བའི་སྐམ་ས་ནི་གླིང་ཆེན་བདུན་དུ་དབྱེ་ཡོད།  མིའི་རིགས་ནི་སེམས་ཅན་དང་རྩི་ཤིང་མང་པོ་མཉམ་དུ་སའི་གོ་ལའི་ཕྱི་ངོས་སུ་གནས་ཡོད།
2.གཞུང་ཐིག་དང་འཕྲེད་ཐིག
     ས་བཀྲའི་ངོས་སུ་སའི་གོ་ལར་ཐིག་གི་དྲ་བ་ཞིག་བཀོད་ཡོད་པ་ལ།  ལྷོ་ནས་བྱང་དུ་བཀོད་པའི་ཐིག་རྣམས་ལ་གཞུང་ཐིག་ཟེར་བ་དང་།  ཐིག་དམར་གཞི་བྱས་ནས་འཕྲེད་དུ་བཀོད་ཡོད་པའི་ཐིག་རྣམས་ལ་འཕྲེད་ཐིག་ཟེར།  གཞུང་ཐིག་དང་འཕྲེད་ཐིག་ནི་མི་རྣམས་ཀྱིས་ས་གཞི་ཆེན་པོར་ཚད་ཐིག་ལེན་ཕྱིར་བཀོད་པའི་ཚད་གཞི་ཞིག་ཡིན་པ་ལས་ཐིག་ཚད་རང་བྱོན་ཞིག་མ་རེད།  སའི་གོ་ལའི་སྟེང་གི་ས་གནས་གང་ཡང་རུང་བ་ཚང་མ་གཞུང་ཐིག་དང་འཕྲེད་ཐིག་སྣོལ་སྣེའི་ཐོག་ནས་གཏན་ཁེལ་བཟོ་ཐུབ།
3.གླིང་ཆེན་བདུན།
     ཨེ་ཤ་ཡ་གླིང་།  ཡོ་རོབ།  ཨ་ཧྥེ་རི་ཁ།  ཨ་མེ་རི་ཁ་བྱང་མ། ཨ་མེ་རི་ཁ་ལྷོ་མ།  རྒྱ་མཚོ་ཆེན་པོ།  ལྷོ་སྣེ་བཅས་ཡིན།
4.རྒྱ་མཚོ་ཆེན་མོ་བཞི།
     སའི་གོ་ལའི་རྒྱ་མཚོ་ཁག་ནི་ཞི་བདེ་རྒྱ་མཚོ་དང་།  ནུབ་རྒྱ་མཚོ། ཧིན་རྡུ་རྒྱ་མཚོ།   བྱང་འཁྱགས་རོམ་རྒྱ་མཚོ་བཞི་ལ་དབྱེ་བ་དང་། དེ་ཚོའི་ནང་ནས་ཞི་བདེ་རྒྱ་མཚོ་ནི་རྒྱ་ཁྱོན་ཆེ་ཤོས་ཡིན་པ་དེ་སྐམ་སའི་རྒྱ་ཁྱོན་སྤྱི་འབོར་ལས་ཀྱང་ཆེ་བ་ཡོད།
5.སྐམ་ས།
    སའི་གོ་ལའི་ཕྱི་ངོས་ཀྱི་རྒྱ་མཚོས་མ་ནུབ་པའི་ཆ་ལ་སྐམ་ས་ཞིང་།  དེར་བདེ་ཐང་དང་།  རི་བོ། མཐོ་སྒང་། རི་མ་ཐང་། དེའུ་འབུར། གཞོང་ས་སོགས་མུ་འབྲེལ་དུ་ཆགས་ཡོད་པ་དེ་དག་གིས་ས་གཞི་ཆེན་པོའི་སའི་བཀོད་པ་སྣ་ཚོགས་གྲུབ་ཡོད།
6.རྒྱ་མཚོ།
     སའི་གོ་ལའི་ཕྱི་ངོས་སུ་རྒྱ་མཚོས་རྒྱ་ཁྱོན་དེ་སྐམ་སའི་རྒྱ་ཁྱོན་ལས་ཞེ་དྲག་ཆེ་གི་རེད།  རྒྱ་མཚོ་ནི་ཚེ་སྲོག་གི་མ་ཡུམ་ཡིན་པ་དེར་མཚོ་རྩྭ་སྣ་ཚོགས་དང་།  ཉ་རིགས་དང་རྒྱ་མཚོའི་སྲོག་ཆགས་གང་མང་གནས་ཡོད།  དེར་ད་དུང་གཏེར་ཁ་དང་ནུས་ཁུངས་འབེལ་པོ་ཆགས་ཡོད་པ་རེད།།
( ཀྲུང་གོའི་བྱིས་པའི་ཤེས་བྱ་ཀུན་བཏུས་ཞེས་པའི་དེབ་ལས་བཤུས།) 

39.7K

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1