འཛམ་ཐང་རྫོང་གིས་ནུས་ཤུགས་ཡོད་རྒུས་ཁོར་ཡུག་སྲུང་སྐྱོང་ལ་འབད།

ཆོས་རྒྱས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཚེ་དཔལ། སྤེལ་དུས། 08-25


        ད་ལོ་ནས་བཟུང་འཛམ་ཐང་རྫོང་གིས་ངོས་ཟིན་ཟབ་མོ་དང་རེ་འདུན་ནན་མོའི་ཐོག་ཐབས་ལམ་གསར་བ་སྤྱད་དེ་ནུས་ཤུགས་ཡོད་རྒུས་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་བརྒྱུད་དེ་ཕྱོགས་ཡོངས་ནས་སྐྱེ་ཁམས་དཔལ་ཡོན་བསྐྲུན་པར་འབད་འབུངས་བགྱིས་ཤིང་། སྣོན་འཕྲི་སྒྱུར་བགོད་ཀྱི་ཐབས་ལམ་བཀོལ་ཏེ། ཚད་མཐོ་ཤོས་ཀྱི་སྒོ་ནས་ཀྲུང་དབྱང་དང་ཞིང་ཆེན། ཁུལ་གྱི་ཁོར་སྲུང་བརྟག་ཞིབ་བྱ་བར་དགའ་བསུ་བྱས།

        ལས་དོན་དང་ཐབས་ལམ་ཐད་ལ་སྣོན་ཐབས་བཀོལ་ཞིང་། འཛམ་ཐང་རྫོང་གིས་ཁོར་ཡུག་གི་སྤུས་ཚད་བརྟག་ཞིབ་དང་། ཉམས་ཞན་གྱི་སྐྱེ་ཁམས་སླར་གསོ། གདོད་མའི་ནགས་ཚལ་སྲུང་སྐྱོང་སོགས་ཀྱི་ཐབས་ལམ་སྣ་ཚོགས་སྤྱད་པའི་རྨང་གཞིའི་ཐོག ཁོར་ཡུག་སྲུང་སྐྱོང་གི་གནད་དོན་རང་བཤེར་རང་འདུམ་དང་། ཕྱོགས་ཡོངས་ནས་ཁོར་ཡུག་སྲུང་སྐྱོང་གི་བག་ལ་ཞ་བའི་གནད་དོན་བསལ་ཅི་ཐུབ་བྱས་ཤིང་། གཙོ་བོ་ན་མོ་ཆེ་དང་དུ་ཀུ་ལ་རང་བྱུང་སྲུང་སྐྱོང་ཁུལ་སོགས་སུ་ཞིབ་བཤེར་བགྱིས་ཤིང་། དེ་རུ་རྙེད་པའི་གནད་དོན་ལ་དུས་ཐོག་ཏུ་བཅོས་བསྒྱུར་བྱ་བའི་རེ་འདུན་བཏོན། དེ་མིན་ཁོར་ཡུག་གི་སྤུས་ཚད་ལ་བརྟག་ཐེངས་ཇེ་མང་དང་། སྐྱེ་ཁམས་ཉམས་ཞན་གྱི་རིགས་སླར་གསོ་ཚད་ཇེ་མང་། ནགས་སྲུང་བ་ཇེ་མང་སོགས་ཀྱི་སྒོ་ནས་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་སྐས་རིམ་གསར་བ་ཞིག་ཏུ་སླེབས་འདུག

        གནད་དོན་བསྒྱུར་བཅོས་ཀྱི་ཐད་འཕྲི་ཐབས་བཀོལ་ཏེ་ཞིང་ཆེན་ཁོར་སྲུང་བརྟག་ཞིབ་ཀྱི་བསམ་འཆར26དང་། ཁུལ་རིམ་པའི་བསམ་འཆར7 རང་བཤེར་གྱི་ཁོར་སྲུང་གི་གནད་དོན5ལ་དམིགས་ཏེ། འཛམ་ཐང་རྫོང་གིས་རིམ་པ་དང་། ལས་ཁུངས་སྡེ་ཁག  རིགས་སོགས་སོ་སོར་ཕྱེས་ཏེ་རང་འགན་ཕྲག་ཏུ་ཕབ་ཅིང་། ཁོར་ཡུག་སྲུང་སྐྱོང་གི་བསྒྱུར་བཅོས་ཉུང་དུ་འཕྲི་བ་དང་། ཟླ8པའི་ཚེས19ཉིན་རག་བར་དུ། ཞིང་ཆེན་གྱི་བསམ་འཆར26ལས25བསྒྱུར་ཟིན་པ་དང་། འགྲུབ་ཚད་བརྒྱ་ཆ96.15ཟིན་ཡོད། ཁུལ་གྱི་བསམ་འཆར7ལས5བསྒྱུར་ཟིན་པ་དང་། འགྲུབ་ཚད་བརྒྱ་ཆ71.4ཟིན་ཡོད། རྫོང་གི་བསམ་འཆར5བོ་ཡོངས་སུ་བསྒྱུར་ཟིན་པས། འགྲུབ་ཚད་བརྒྱ་ཆ100ཟིན་ཏོ།།

        ངོས་འཛིན་ཐད་ལ་བསྒྱུར་ཐབས་བཀོལ་ཏེ་འཛམ་ཐང་རྫོང་གིས་གཅིག་སྡུད་ཀྱིས་རྩ་འཛུགས་སྒྲིག་གཞི་བཙུགས་ཤིང་། སྔ་གཞུག་ཏུ་ཁོར་ཡུག་སྲུང་སྐྱོང་ཨུ་ཡོན་ལྷན་ཚོགས་དང་། ཁོར་ཡུག་སྲུང་སྐྱོང་བརྟག་ཞིབ་ཆེན་མོའི་འགོ་ཁྲིད་ཚན་ཆུང་སོགས་ཆེད་དོན་ལས་དོན་སྒྲིག་གཞི་བཙུགས་པ་མ་ཟད་ཕྱོགས་ཡོངས་ནས་ཡུལ་གྲོང12སུ་ཁོར་ཡུག་སྲུང་སྐྱོང་གཞུང་སྒྲུབ་ཁང་བཙུགས། རིམ་པ་སོ་སོའི་འགོ་ཁྲིད་རྣམས་ཀྱིས་གཙོར་བྱས་སྤྱི་ཚོགས་ཡོངས་ཀྱི་བརྟག་ཞིབ་དང་། དམངས་ཡོངས་མཉམ་ཞུགས་ཀྱིས་ཁོར་ཡུག་སྲུང་སྐྱོང་ལག་བསྟར་དོན་འཁྱོལ་ཡོང་བ་བྱས།
        ད་ལྟའི་བར་དུ་རྫོང་ཡོངས་སུ་ཁོར་ཡུག་སྲུང་སྐྱོང་ལས་དོན་ཚོགས་འདུ་དང་། སྐུལ་འདེད་ཚོགས་འདུ། གསོ་སྦྱོང་ཚོགས་འདུ་སོགས་ཁོར་ཡུག་སྲུང་སྐྱོང་གི་ཆེད་དོན་ཚོགས་འདུ་ཐེངས20ལྷག་འཚོགས་ཤིང་། འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་ལས་བྱེད་པ་དང་། མང་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་མཐོ་རུ་ཕྱིན་ཡོད།
        ཡུན་རིང་གི་ལམ་ལུགས་ཐད་བགོད་ཐབས་བཀོལ་ཏེ་འཛམ་ཐང་རྫོང་གིས་ཁོར་ཡུག་སྲུང་སྐྱོང་དེ་མགོ་ཁུངས་བཅོས་སྐྱོང་ནས་བརྩམས་ཏེ། ཆུ་དཔོན་ལམ་ལུགས་ཀྱི་ཁེབས་པར་བྱས་ཤིང་། རྣམ་གྲངས་འཛུགས་སྐྲུན་གྱི་ཁོར་ཡུག་ལ་ཐེབས་པའི་ཤུགས་རྐྱེན། སྐྱེ་ཁམས་སྲུང་སྐྱོང་སོགས་ཁ་ཕྱོགས་མང་ཞིང་། རིམ་པ་མང་བའི་ཡུན་རིང་གི་ལམ་ལུགས་བསྐྲུན་ཏོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1