རྒྱ་གར་དུ་ཟིང་ཆ་ལངས་ནས་མི་31རྐྱེན་ལམ་དུ་ཤོར་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། སྤེལ་དུས། 08-28


        སྤྱི་8པའི་ཚེས་25ཉིན། རྒྱ་གར་ནུབ་བྱང་རྒྱུད་ལ་གཞི་ཁྱོན་ཆེ་བའི་ཟིང་ཆ་ལངས་རྗེས། མིག་སྔར་ཧ་ལི་ཡ་ན་མངའ་སྡེ་དང་། པང་ཆབ་མངའ་སྡེ། རྒྱལ་སི་རྡི་ལི་གསར་པ་སོགས་ཀྱི་གནས་བབ་ཛ་དྲག་པོ་ཡོད་པ་དང་ས་ཁུལ་མང་པོ་ཛ་དྲག་གནས་སུ་བཞག་ཡོད་པ་རེད། རྒྱ་གར་ལྕགས་ལམ་སྡེ་ཁག་གི་མགྲིན་ཚབ་པས་མིག་སྔའི་གནས་བབ་ལ་གཞིགས་ནས། སྤྱི་ཚེས་28ཉིན་བར་ཧ་ལི་ཡ་ན་མངའ་སྡེ་དང་པང་ཆབ་མངའ་སྡེར་གཏོང་བའི་འགྲུལ་སྐྱེལ་མེ་འཁོར་ཐེངས་གྲངས་661ལ་ཤུགས་རྐྱེན་ཐེབས་ཤིང་། ཉུང་མཐར་ཡང་མེ་འཁོར་ཐེངས་གྲངས་309གཏོང་མཚམས་བཞག་པ་དང་། ཐེངས་གྲངས་58འཁོར་ལམ་བརྗེ་དགོས་བྱུང་ཡོད་ཅེས་བཤད། 
        ཚེས་25ཉིན་རྒྱ་གར་ཀྲུང་དབྱང་བརྟག་དཔྱད་ཅུས་ཀྱི་དམིགས་བསལ་ཁྲིམས་ཁང་ཞིག་གིས་བཙན་གཡེམ་གྱོད་གཞི་ཞིག་ལ་ཁྲུན་གཅོད་བྱས་པ་སྟེ། ས་གནས་དེ་གའི་སློབ་དཔོན་ཡིན་ཟེར་མཁན་གྱི་ཆོས་ལུགས་སྒྲིག་འཛུགས་ཀྱི་འགོ་པ་སེང་གེས་བུད་མེད་དད་ལྡན་པ་གཉིས་ལ་བཙན་གཡེམ་བྱས་པས་དུས་བཀག་བཙོན་འཇུག་ལོ་བདུན་བྱས་ཡོད་པ་རེད། སེང་གེའི་དད་ལྡན་པ་མང་པོས་ཁྲུན་ཐག་བཅད་པ་དེར་ངོ་རྒོལ་བྱས་ནས་སྤྱི་པའི་རྒྱུ་དངུལ་མེར་བསྲེགས་བཏང་བ་དང་ཉེན་རྟོག་པའི་བར་དྲག་པོའི་གདོང་གཏུག་ཐོན་ཡོད་པ་རེད། གདོང་གཏུག་ཁྲོད་མི་31རྐྱེན་ལམ་དུ་ཤོར་བ་དང་མི་བརྒྱ་ཕྲག་ལ་རྨས་སྐྱོན་ཕོག་པ་རེད།། 







དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1