སྐྱེ་ཁམས་ཀྱི་འབྱུང་ཁུངས་བསྲུངས་ཏེ་རི་སྔོ་ཆུ་དྭངས་ལ་རོལ་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 09-12


        བོད་རང་སྐྱོང་ལྗོངས་ནི་མདོ་དབུས་མཐོ་སྒང་གི་ཁྱབ་ཁོངས་གཙོ་བོ་ཡིན། ས་བབ་མཐོ་ཞིང་གཟར་ལ། ས་གཤིས་དམིགས་བསལ་ཡིན། གཅན་གཟན་རི་དྭགས་དང་རྩི་ཤིང་གི་ཐོན་ཁུངས། ཆུའི་ཐོན་ཁུངས། གཏེར་ཁ་སོགས་ཕུན་སུམ་ཚོགས་པོ་ཡོད་པས། འཛམ་གླིང་ཡང་རྩེ་དང་སའི་གོ་ལའི་སྣེ་གསུམ་པ་ཞེས་འབོད། འདི་ནི་ཨེ་ཤེ་ཡ་ལྷོ་མ་དང་ཨ་ཤེ་ཡ་ཤར་ལྷོ་ས་ཁུལ་གྱི"སྐྱེ་ཁམས་ཀྱི་འབྱུང་ཁུངས"ཡིན་པ་མ་ཟད། ཀྲུང་གོ་ཙམ་མ་ཟད་སའི་གོ་ལའི་ཤར་ཕྱེད་མཁའ་དབུགས་ཀྱི"འཁོར་སྒུལ་འཕྲུལ་ཆས"དང"སྙོམས་སྒྲིག་ཁུལ"ལྟ་བུ་ཡིན་པ་རེད།
        《2016ལོའི་བོད་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་གནས་ཚུལ་སྤྱི་བསྒྲགས་》ཀྱི་གཞི་གྲངས་སུ་གསལ་བ་ལྟར་ན། 2016ལོར། བོད་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་གིས་བོད་རང་སྐྱོང་ལྗོངས་འཕེལ་རྒྱས་སྒྱུར་བཅོས་ཨུ་ལྷན་ལ་རམ་འདེགས་ངང་བོད་ལྗོངས་སྐྱེ་ཁམས་བདེ་འཇགས་བཀག་ཡོལ་སྲུང་སྐྱོང་འཆར་འགོད་མ་དངུལ་སྒོར་དུང་ཕྱུར་12.87ལག་ལེན་བསྟར་ནས་རིགས་ཆེན་པོ་གསུམ་གྱི་ལས་གཞི་བཅུ་མུ་མཐུད་ལག་བསྟར་བྱས་པ་རེད། མཛེས་པའི་བོད་ལྗོངས་ཀྱི་འབུ་ཕྲའི་ལས་གཞི་(སྐྱེ་ཁམས་གསར་སྐྲུན)སྤེལ་ནས་རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་རྫོང་དང་། སྐྱེ་ཁམས་གྲོང་རྡལ།  སྐྱེ་ཁམས་གྲོང་ཚོ་འཛུགས་སྐྲུན་ཚད་གཞིའི་རྫོང་གསུམ་དང་།  གྲོང་རྡལ་46 སྲིད་འཛིན་གྲོང་ཚོ་392བཅས་ལ་མིང་བཏགས་པ་རེད།  སྐྱེ་ཁམས་ཁ་གསབ་མ་དངུལ་རིགས་ཁག་སྒོར་དུང་ཕྱུར་56.44བརྩོན་ལེན་བྱས་པ་རེད། 
        མཛེས་པའི་བོད་ལྗོངས་འཛུགས་སྐྲུན་གྱི་ལས་དོན་ཁག་ཚང་མ་ཕྱོགས་ཡོངས་ནས་སྐུལ་འདེད་བྱས་ཏེ་གངས་ལྗོངས་མཐོ་སྒང་གི་དྭངས་གཙང་ཡུན་དུ་གནས་ཐུབ་པའི་ལག་རྗེས་གསར་པ་བཞག་པ་རེད།

རྨི་ལམ་ནང་གི་ལྷ་ཡུལ་ཏེ་ཡར་འབྲོག་གཡུ་མཚོ།

སྐྱིད་གྲོང་ཁོག་གི་མཛེས་ལྗོངས།

ལྷ་ཀླུ་འདམ་ར་ཡི་ཟུར་ཞིག

མང་ཚོགས་ཀྱིས་སྐྱེ་ཁམས་སྐྱེ་ལྡན་ཇ་ར་ནས་ཇ་ལོ་འཐུལ་བ།

རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་གི་ངང་བ་མཆུ་དམར། 

ལྷུན་གྲུབ་རྫོང་ཁོངས་ཀྱི་ཁྲུང་ཁྲུང་སྐེ་ནག 

སྐྱེས་ཤིང་འཛུགས་པ།

སྣ་དཀར་རྩེ་ཡི་ཡིད་འོང་མཛེས་ལྗོངས། 

བྱང་ཐང་གི་ལུག་ཁྱུ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1