གཙོ་ངོས།>> ཁྲིམས་ལུགས།>>ཁྲིམས་ལུགས་ཤེས་བྱ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༧ལོའི་ཟླ་བ་༠༩ཚེས་༡༣ཉིན།

༄༅།། གན་རྒྱའི་ཕྱི་ལོགས་ཀྱི་ཕུང་གསུམ་པས་ཁྲིམས་ཁང་ལ་གན་དོན་རྩིས་མེད་བཟོ་བའི་ཞུ་བ་འབུལ་ཆོག

        གན་རྒྱའི་འབྲེལ་ཡོད་མི་སྣ་མ་ཡིན་པའི་ཕུང་གསུམ་པས་གལ་སྲིད་རང་ཉིད་གྱོད་དོན་དེ་དང་ཕན་གནོད་ཀྱི་འབྲེལ་བ་ཡོད་ཚེ། ཁྲིམས་ཁང་ལ་གན་དོན་དེ་ཉིད་རྩིས་མེད་གནང་བའི་རེ་འདུན་ཞུ་ཆོག རང་ཉིད་གྱོད་དོན་དེ་དང་ཕན་གནོད་ཀྱི་འབྲེལ་བ་ཡོད་ཅེས་པ་ནི། གྱོད་བདག་ཡིན་པའི་སྤྱི་དམངས་དང་ཁྲིམས་ཚན་ནམ་རྩ་འཛུགས་གཞན་དག་གང་ཞིག་རང་ངོས་ཀྱི་རྒྱུ་ནོར་བདག་དབང་དང་། རང་ལུས་དབང་ཆའམ་ཡང་ན་དམངས་དོན་ཁེ་དབང་གཞན་དག་བཅས་ལ་བཙན་གནོད་བྱས་པའམ་ཡང་ན་མི་གཞན་དང་ཐད་ཀར་དམངས་དོན་ཁེ་དབང་དང་འོས་འགན་སྐོར་གྱི་རྩོད་གླེང་འཕྲད་ཅིང་། གྱོད་བདག་གིས་རྒྱུ་རྐྱེན་དེ་ལ་གཞིགས་ནས་ཁྲིམས་ཁང་དུ་བཅའ་ཁྲིམས་སྲུང་སྐྱོབ་ཀྱི་རེ་འདུན་ཞུ་བའི་ཞུ་གཏུག་ཕུལ་བ་ལ་གོ་བ་ཡིན། 
རང་རྒྱལ་གྱི《གན་རྒྱའི་བཅའ་ཁྲིམས》ཀྱི་དོན་ཚན་ང་གཉིས་པའི་གཏན་འབེབས་ལྟར་ན། གོ་ཆོད་མེད་པའི་གན་རྒྱའི་རིགས་ནི་གཤམ་གསལ་འདི་དག་སྟེ།
1、ཕྱོགས་གཅིག་གིས་མགོ་སྐོར་བསླུ་བྲིད་དང་བཙན་ཤེད་ཀྱི་ཐབས་ལ་བརྟེན་ནས་བཞག་ཅིང་རྒྱལ་ཁབ་ཀྱི་ཁེ་ཕན་ལ་གནོད་པའི་གན་རྒྱ།
2、བསམ་གནག་ངན་འབྲེལ་བྱས་ནས་རྒྱལ་ཁབ་དང་མཉམ་སྡེབ་བམ་ཡང་ན་ཕུང་གསུམ་པའི་ཁེ་ཕན་ལ་གནོད་པའི་གན་རྒྱ།
3、ཁྲིམས་མཐུན་གྱི་རྣམ་པའི་འོག་ཏུ་ཚུལ་མིན་གྱི་དམིགས་ཡུལ་བཅངས་པའི་གན་རྒྱ།
4、སྤྱི་ཚོགས་སྤྱི་ཕན་གྱི་བྱ་བར་གནོད་པའི་གན་རྒྱ།
5、བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་བཙན་འདོམས་རང་བཞིན་གྱི་གཏན་འབེབས་དང་འགལ་བའི་གན་རྒྱ།
        རང་རྒྱལ《གན་རྒྱའི་བཅའ་ཁྲིམས》ཀྱི་དོན་ཚན་ང་བརྒྱད་པར། “གན་རྒྱ་གོ་ཆོད་མེད་པའམ་ཕྱིར་འཐེན་བྱས་ཟིན་རྗེས། གན་རྒྱ་དེ་ལ་བརྟེན་ནས་ཐོབ་པའི་རྒྱུ་ནོར་ཕྱིར་སློག་བྱ་དགོས། ཕྱིར་སློག་བྱ་མི་ཐུབ་པའམ་ཡང་ན་ཕྱིར་སློག་བྱ་བའི་དགོས་པ་མེད་རིགས།རིན་གོང་ཕབ་ནས་གུན་གསབ་བྱ་དགོས། ནོར་འཛོལ་ཡོད་ཕྱོགས་དེས་ཕྱོགས་གཞན་དེར་རྒྱུ་རྐྱེན་དེའི་དབང་གིས་བཟོས་པའི་གྱོང་གུན་གསབ་འཇལ་ཞུ་དགོས། ཕྱོགས་གཉིས་ཀར་ནོར་འཛོལ་ཡོད་རིགས། ཕྱོགས་སོ་སོ་ནས་དེ་མཚུངས་ཀྱི་འགན་འཁྲི་འཁུར་དགོས།”ཞེས་གཏན་འབེབས་བྱས་ཡོད།  

        དོན་ཚན་ང་དགུ་པར་ “དོ་བདག་གིས་བསམ་གནག་ངན་འབྲེལ་བྱས་ནས་རྒྱལ་ཁབ་དང་མཉམ་སྡེབ་བམ་ཡང་ན་ཕུང་གསུམ་པའི་ཁེ་ཕན་ལ་གནོད་སྐྱོན་བཟོས་རིགས། དེ་ལས་ཐོབ་པའི་རྒྱུ་ནོར་དག་རྒྱལ་ཁབ་ལ་དབང་བའམ་ཡང་ན་མཉམ་སྡེབ་དང་ཕུང་གསུམ་པར་ཕྱིར་སློག་བྱ་རྒྱུ”ཞེས་གཏན་འབེབས་བཟོས་ཡོད། །

(ལྷ་མོའི་ཁྲིམས་བཤད་ཅེས་པའི་འཕྲིན་སྟེགས་ལས་བཤུས།)


39.7K

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1