ལྷ་སའི་ས་གཙང་འབྱུང་འཕྲོད་ཐོན་ལས་གོང་འཕེལ་ཆེན་པོ་ཕྱིན་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། བོད་ལྗོངས་འཕྲིན་དྲ། སྤེལ་དུས། 09-19


        ཉེ་བའི་ལོ་འགའི་ཚུན་དུ་ལྷ་ས་གྲོང་ཁྱེར་རྫོང(ཆུས)ཁག་གིས་རང་རྐྱ་འཕེར་བོའི་ཐོག་ནས།  ས་གཙང་འབྱུང་འཕྲོད་ཐོན་ལས་འཕེལ་རྒྱས་གཏང་རྒྱུར་མཐོང་ཆེན་བྱས་ཏེ།  མ་འཇོག་བྱ་ཤུགས་མཐོ་རུ་གཏོང་བ་དང་ཁོར་ཡུག་ལེགས་བཅོས་སོགས་བྱེད་པས་གྲུབ་འབྲས་བཟང་པོ་ཐོབ་ཡོད།  སྤྱི་ལོ་2016 ལོར་བསྐྲུན་པའི་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་མལ་གྲོ་གུང་དཀར་གྲོང་རྡལ་སྡོང་ཕྲུག་དང་མེ་ཏོག་རྟེན་གཞིའི་རྒྱ་ཁྱོན་མུའུ་22 ཟིན་པ་དང་རྣམ་གྲངས་དེར་མ་འཇོག་སྒོར་དུང་ཕྱུར་410 བྱས་ཡོད།  ད་ཆ་རྟེན་གཞི་དེར་སྟར་སྡོང་དང་རྒྱ་ལྕང་།  ལོ་མ་དམར་པོའི་ཁམ་སྡོང་།  སེ་འབྲུ།  ཐང་ཤིང་སོགས་རིགས་མི་འདྲ་བ་40 ཙམ་འདེབས་འཛུགས་བྱས་ཡོད་པ་རེད།། 


རྩོམ་ཡིག་སྔོན་མ།
༄༅།། གྲྭ་ཤག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1