ཝུན་ཁྲོན་རྫོང་གིས་སློབ་གྲྭ་ཁག་ཏུ་ཤུལ་བཞག་རིག་གནས་འཁྲབ་སྟོན་བྱས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-22



        ཉིན་ཤས་རིང་ལ། ཝུན་ཁྲོན་རྫོང་གིས་དམངས་སྲོལ་རིག་གནས་རྒྱུན་འཛིན་བྱེད་པ་དང་སློབ་གྲྭའི་སྲོལ་རྒྱུན་བཟང་པོ་དར་སྤེལ་བྱེད་པའི་2017ལོའི་དམངས་སྲོལ་རིག་གནས་སློབ་གྲྭར་བསྐྱོད་པའི་བྱ་འགུལ་སློབ་གྲྭ་ཆུང་འབྲིང་དུ་སྤེལ་་ནས་རྒྱ་ཆེའི་དགེ་སློབ་ཡོངས་ལ་ཕུན་སུམ་ཚོགས་པའི་རིག་གནས་ཤེས་བྱའི་རྒྱགས་ཕྱེ་གྱ་ནོམ་པ་ཞིག་སྟེར་བ་རེད།  
        ཐེངས་འདིའི་བྱ་འགུལ་ལ་རྒྱལ་ཁབ་དང་ཁུལ། རྫོང་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པའི་འཐུས་མི་གདན་འདྲེན་བྱས་ནས་ལག་རྩལ་ཕུལ་དུ་བྱུང་བའི་ཆའང་རིགས་ཀྱི་འཚེམ་འདྲུབ་དང་གླིང་བུ་གཏོང་བ་སོགས་ཀྱི་དངོས་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་འཁྲབ་་སྟོན་བྱེད་པའི་རྣམ་པ་ལ་བརྟེན་ནས་སློབ་གྲྭ་དང་སློབ་མ་རྣམས་ལ་ལྟད་མོ་གྱ་ནོམ་པ་ཞིག་ཕུལ། 
        ཆའང་རིགས་མང་ཚོགས་ཀྱི་འཆམ་མཐུན་མཉམ་གནས་དང་ཆའང་རིགས་མང་ཚོགས་ཀྱི་རྒྱུན་ལྡན་འཚོ་བ། ཆའང་རིགས་ཀྱི་མཆོད་འབུལ་སོགས་ཁག་གསུམ་གྱི་ཐད་ནས་་ཆའང་རིགས་དམངས་སྲོལ་རིག་གནས་རེ་རེ་བཞིན་འགྲེམས་སྟོན་བྱས་པ་མ་ཟད།སློབ་མ་རྣམས་ཀྱི་མཐོང་རྒྱ་ཆེ་རུ་བཏང་ནས་སློབ་མ་རྣམས་ལ་སྲོལ་རྒྱུན་གྱི་དམངས་སྲོལ་རིག་གནས་ལ་རྒྱུས་ལོན་བྱེད་དུ་བཅུག་པ་རེད། 
        རྒྱུས་ལོན་བྱས་བ་ལྟར་ན། ཐེངས་འདིའི་2017ལོའི་དམངས་སྲོལ་རིག་གནས་སློབ་གྲྭར་སྤེལ་བའི་བྱ་འགུལ་བསྟུད་མར་ཝུན་ཁྲོན་རྫོང་གི་སློབ་གྲྭ་ཆུང་འབྲིང་དུ་སྤེལ་ནས་རྫོང་ཡོངས་ཀྱི་ན་གཞོན་རྣམས་ལ་དངོས་མིན་ཤུལ་བཞག་རིག་གནས་ཀྱི་དགེ་མཚན་ལ་རྒྱུས་ལོན་བྱེད་དུ་འཇུག་རྒྱུ་རེད། 
ལམ་བཟང་སྐྱིད་ཀྱིས་བསྒྱུར། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1