རང་ཞིང་གིས་ཐོན་ལས་རྣམ་གྲངས་གལ་ཆེན་371གཅིག་སྡུད་བྱས་ཏེ་ཁྱོན་མ་དངུལ་སྒོར་དུང་ཕྱུར་སྟོང་2གཏོང་འཇོག་བྱ་རྒྱུ་རེད།

མཁའ་འགྲོ་མཚོས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 09-25


        ཐོན་ལས་ཀྱི་རྣམ་གྲངས་ནི་རྣམ་གྲངས་ལོ་འཛུགས་སྐྲུན་བྱེད་པའི་ནང་དོན་གཙོ་བོ་དེ་རེད། ཉེ་ཆར། 2017ལོའི་སི་ཁྲོན་ཞིང་ཆེན་གྱིས་ཐོན་ལས་རྣམ་གྲངས་ཁག་གཅིག་ལས་འགོ་ཚུགས་རྒྱུ་ཡིན་ལ། དབྱི་པིན་དང་མེས་ཧྲན་སོགས་གྲོང་ཁྱེར་དང་ཁུལ་14ཚང་མར་རྣམ་གྲངས་ཡོད་པར་མ་ཟད། ཁྱོན་མ་དངུལ་སྒོར་དུང་ཕྱུར་སྟོང་2ལ་ཉེ་བ་གཏོང་འཇོག་བྱ་རྒྱུ་ཡིན་པ་དང་། ལོ་ཧྲིལ་བོར་མ་དངུལ་སྒོར་དུང་ཕྱུར392གཏོང་འཇོག་བྱ་རྒྱུ་རེད།
        ཐེངས་འདིར་རྣམ་གྲངས་371གཅིག་བསྡུས་ལས་འགོ་ཚུགས་རྒྱུ་ཡིན་པ་དང་། དེའི་ཁྲོད་དུ་གློག་རྡུལ་ཆ་འཕྲིན་དང་སྒྲིག་ཆས་གལ་ཆེན། རླངས་འཁོར་བཟོ་སྐྲུན། བཟའ་བཏུང་སོགས་ཀྱི་ཁྱབ་ཁོངས་འདུས། གློག་རྡུལ་ཆ་འཕྲིན་གྱི་ཐོན་ལས་རྣམ་གྲངས་59དང་། སྒྲིག་ཆས་གལ་ཆེན་གྱི་ཐོན་ལས་རྣམ་གྲངས་41 རླངས་འཁོར་དང་ལྷུ་ལག་སྒྲིག་བཟོའི་ལས་རིགས་ཀྱི་རྣམ་གྲངས་26བཅས་འདུས་པ་རེད། དེའི་ཁྲོད་དུ་སྤྱིའི་མ་དངུལ་གཏོང་འཇོག་བྱེད་ཚད་དེ་སྒོར་དུང་ཕྱུར་10ལས་བརྒལ་བའི་རྣམ་གྲངས་27ཡོད་པ་རེད། རྣམ་གྲངས་ཆེན་པོ་ཁག་དེ་གཙོ་བོ་རིག་ནུས་བཟོ་སྐྲུན་དང་། ནུས་རྒྱུ་གསར་བའི་ཐོན་ལས་ཅན་སོགས་ཁྱབ་ཁོངས་འདུས་ཡོད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1