ཞི་ཅིན་ཕིང་པེ་ཅིང་འགྲེམ་སྟོན་ཁང་དུ་ཕེབས་ཏེ་དཀའ་སྤྱད་འབད་བརྩོན་བྱས་པའི་ལོ་ལྔའི་གྲུབ་འབྲས་འགྲེམ་སྟོན་ལ་གཟིགས་ཞིབ་གནང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་དྲ་བ། སྤེལ་དུས། 09-26


        ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་མི་འགྱངས་པར་འཚོགས་པའི་སྐབས་འདིར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཚེས་ཉེར་ལྔ་ཉིན་པེ་ཅིང་འགྲེམ་སྟོན་ཁང་དུ་ཕེབས་ཏེ་དཀའ་སྤྱད་འབད་བརྩོན་བྱས་པའི་ལོ་ལྔའི་གྲུབ་འབྲས་འགྲེམ་སྟོན་ལ་གཟིགས་ཞིབ་གནང་། ཁོས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་གྱི་ལོ་ལྔ་ནི་ཏང་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་བརྒྱུད་རིམ་ཁྲོད་དུ་ཧ་ཅང་སྤྱིར་བཏང་མ་ཡིན་པའི་ལོ་ལྔ་ཡིན། ལོ་ལྔའི་རིང་ལ་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། གཅིག་གྱུར་སྒོས་སྣེ་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་ལག་བསྟར་བྱས་པ་དང་མཐུན་སྦྱོར་སྒོས་ཁྱོན་ཡོངས་བཞི་ཡི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་བྱས་ཤིང་། སེམས་ཤུགས་མཐུན་སྒྲིལ་དང་བབ་བསྟུན་མདུན་སྐྱོད། སྤོབས་པ་ཆེར་སྐྱེད། མཁྲེགས་གཏོར་དཀའ་སེལ་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་སྔར་ལས་གོང་འཕེལ་དུ་འགྲོ་བ་དང་མི་དམངས་ཀྱི་འཚོ་བ་ལེགས་བཅོས་བཟང་བོ་བྱེད་པར་སྐུལ་འདེད་བཏང་བ་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཐད་ནས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་སྒྱུར་བཅོས་བྱུང་། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གོང་འཕེལ་དུ་སོང་བའི་གསོན་ཤུགས་ལྡན་པའི་ལག་ལེན་དང་གྲུབ་འབྲས་ཆེན་པོ། རིན་ཐང་བྲལ་བའི་ཉམས་མྱོང་དྲིལ་སྒྲོག་བཟང་བོ་བྱེད་དགོས་པ་དང་། དྲང་ཚད་ཀྱི་ནུས་ཤུགས་དར་སྤེལ་བྱེད་དགོས་ལ། ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་ཡིད་ཆེས་དང་རིགས་གཞུང་ཡིད་ཆེས། ལམ་ལུགས་ཡིད་ཆེས། རིག་གནས་ཡིད་ཆེས་ཇེ་བརྟན་དུ་འགྲོ་བར་སྐུལ་མ་གཏོང་བ་དང་། སྙིང་སྟོབས་དར་སྤེལ་དང་དཀའ་སྤྱད་འབད་བརྩོན། ཡང་འབད་བསྐྱར་འབད་བྱེད་པ་དང་། རླབས་ཆེན་འཐབ་རྩོད་དང་རླབས་ཆེན་བཟོ་སྐྲུན། རླབས་ཆེན་ལས་དོན་སྔར་ལས་འཕེལ་རྒྱས་སུ་བཏང་སྟེ་བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་མུ་མཐུད་ནས་འབད་འཐབ་བྱེད་དགོས་པར་མ་ཟད་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་རྒྱལ་ཁའི་ངང་འཚོགས་པར་བསུ་མ་བྱེད་དགོས་ཞེས་བསྟན། 
        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལི་ཁེ་ཆང་དང་ཀྲང་ཏེ་ཅང་། ཡུས་ཀྲེན་ཧྲེང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་བཅས་ཀྱིས་ཀྱང་གྲུབ་འབྲས་འགྲེམ་སྟོན་ལ་གཟིགས་ཞིབ་གནང་།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1