རྡོ་རྗེ་རབ་བརྟན་གྱིས་སི་ཁྲོན་ཞིང་ཆེན་སྲིད་གཞུང་གི་འགོ་འཛིན་གཞོན་པའི་འགན་བཞེས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མི་དམངས་དྲ་བ། སྤེལ་དུས། 09-27


        《སི་ཁྲོན་ཉིན་རེའི་ཚགས་པར་》དུ་སྤེལ་བའི་གནས་འཕྲིན་ལྟར་ན། ཟླ་9ཚེས་22ཉིན། སི་ཁྲོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས་ཐེངས་36པའི་ཐོག་རྡོ་རྗེ་རབ་བརྟན་སི་ཁྲོན་ཞིང་ཆེན་སྲིད་གཞུང་གི་འགོ་འཛིན་གཞོན་པར་བསྐོ་གཞག་བྱ་རྒྱུའི་གྲོས་ཐག་གཅོད་པར་གྲོས་འཆམ་བྱུང་བ་རེད།
           རྡོ་རྗེ་རབ་བརྟན། སྐྱེས་པ། བོད་རིགས། 1962ལོའི་ཟླ་6པར་སྐྱེས་པ་དང་། སི་ཁྲོན་ཞིང་ཆེན་ཆུ་ཆེན་རྫོང་ནས་ཡིན་ཞིང་། 1983ལོའི་ཟླ་7པར་ལས་ཀར་ཞུགས་པ་དང་། 1982ལོའི་ཟླ་6པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། སི་ཁྲོན་ཞིང་ཆེན་ཨུ་ལྷན་ཏང་གི་སློབ་གྲྭའི་སྲིད་འཛིན་དོ་དམ་ཆེད་སྦྱོང་ཚན་ཁག་གི་ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ཡོད་པ་རེད། ད་ལྟ་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་འགོ་འཛིན་གཞོན་པ་དང་། ཞིང་ཆེན་ནགས་ལས་ཐིང་གི་འགོ་འཛིན་དང་ཏང་ཙུའུ་ཡི་ཧྲུའུ་ཅིའི་འགན་ཁུར་ཡོད་པ་རེད།
           1980ལོའི་ཟླ་9པ་ནས་1983ལོའི་ཟླ་7པའི་བར་རྔ་པ་དགེ་འོས་ཆེད་སྦྱོང་སློབ་གྲྭའི་རྒྱ་ཡིག་ཚན་ཁག་གི་རྒྱའི་སྐད་ཡིག་དང་རྩོམ་རིག་ཆེད་ལས་སློབ་སྦྱོང་བྱས་པ་དང་།
           1983ལོའི་ཟླ་7པ་ནས་1985ལོའི་ཟླ་3པའི་བར་རྔ་པ་དགེ་འོས་ཆེད་སྦྱོང་སློབ་གྲྭའི་ཟུར་ཁྲིད་པ་དང་སློབ་གྲྭའི་གུང་གཞོན་ཚོགས་པའི་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པའི་འགན་ཁུར། (དེའི་བར་སྐབས་སུ། 1984ལོའི་ཟླ་9པ་ནས་1985ལོའི་ཟླ་1པོའི་བར་ལྷོ་ནུབ་དགེ་འོས་སློབ་གླིང་གི་མཐོ་སློབ་ལས་བྱེད་པ་གསོ་སྦྱོང་འཛིན་གྲྭ་སློབ་དུས་དྲུག་པར་སློབ་སྦྱོང་བྱས་པ།)
         1985ལོའི་ཟླ་3པ་ནས་1985ལོའི་ཟླ་9པའི་བར་རྔ་བ་དགེ་འོས་ཆེད་སྦྱོང་སློབ་གྲྭའི་གུང་གཞོན་ཚོགས་པའི་ཨུ་ལྷན་གྱི་ཧྲུའུ་ཅིའི་འགན་ཁུར་བ།
         1985ལོའི་ཟླ་9པར་ནས་1989ལོའི་ཟླ་10པའི་བར་གུང་གཞོན་ཚོགས་པའི་སི་ཁྲོན་ཞིང་ཆེན་རྔ་པ་ཁུལ་ཨུ་ལྷན་གྱི་ཧྲུའུ་ཅི་དང་ཏང་ཙུའུ་ཡི་ཧྲུའུ་ཅིའི་འགན་ཁུར་བ།
         1989ལོའི་ཟླ་10པ་ནས་1992ལོའི་ཟླ་8པའི་བར་སི་ཁྲོན་ཞིང་ཆེན་ཟུང་ཆུ་རྫོང་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་དང་རྫོང་དཔོན།(1990ལོའི་ཟླ་3པར་ཁུར།) གུང་གཞོན་ཚོགས་པའི་རྔ་པ་ཁུལ་ཨུ་ལྷན་གྱི་ཧྲུའུ་ཅིའི་འགན་ཁུར་པ།
         1992ལོའི་ཟླ་8པ་ནས་2000ལོའི་ཟླ་8པའི་བར་གུང་གཞོན་ཚོགས་པའི་སི་ཁྲོན་ཞིང་ཆེན་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པའི་འགན་ཁུར། (དེའི་བར་སྐབས་སུ། 1993ལོའི་ཟླ་5པ་ནས་1993ལོའི་ཟླ་7པའི་བར་སི་ཁྲོན་ཞིང་ཆེན་ཨུ་ལྷན་ཏང་གི་སློབ་གྲྭའི་ས་ཁུལ་ལམ་ཐིང་འཛིན་གྲྭ་སློབ་དུས་12པར་སློབ་སྦྱོང་བྱས་པ་དང་། 1995ལོའི་ཟླ་9པ་ནས་1998ལོའི་ཟླ་7པའི་བར་སི་ཁྲོན་ཞིང་ཆེན་ཨུ་ལྷན་ཏང་གི་སློབ་གྲྭའི་སྲིད་འཛིན་དོ་དམ་ཆེད་ལས་ཀྱི་ཞིབ་འཇུག་སློབ་མའི་འཛིན་གྲྭར་ལས་ཐོག་སློབ་སྦྱོང་བྱས་པ།
         2000ལོའི་ཟླ་8པ་ནས་2002ལོའི་ཟླ་11པའི་བར་གུང་གཞོན་ཚོགས་པའི་སི་ཁྲོན་ཞིང་ཆེན་ཨུ་ལྷན་གྱི་ཧྲུའུ་ཅི་དང་ཏང་ཙུའུ་ཡི་ཧྲུའུ་ཅི་ཡི་འགན་ཁུར་བ། (དེའི་བར་སྐབས་སུ། 2000ལོའི་ཟླ་3པ་ནས་2001ལོའི་ཟླ་1པའོ་བར་ཀྲུང་དབྱང་ཏང་གི་སློབ་གྲྭའི་ལས་བྱེད་པ་དར་གཞོན་གསོ་སྦྱོང་འཛིན་གྲྭ་སློབ་དུས་16པར་སློབ་སྦྱོང་བྱས་པ།)
        2002ལོའི་ཟླ་11པ་ནས་2002ལོའི་ཟླ་12པའི་བར་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་དང་ཁུལ་དཔོན་ལས་ཚབ་ཀྱི་འགན་ཁུར་བ།
         2002ལོའི་ཟླ་12པ་ནས་2006ལོའི་ཟླ་2པའི་བར་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་དང་ཁུལ་དཔོན་གྱི་འགན་ཁུར་བ།
         2006ལོའི་ཟླ་2པ་ནས་2007ལོའི་ཟླ་1པོའི་བར་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ཨུ་ལྷན་གྱི་ཧྲུའུ་ཅི་དང་ཁུལ་དཔོན་གྱི་འགན་ཁུར་བ།
         2007ལོའི་ཟླ་1པོ་ནས་2007ལོའི་ཟླ་7པའི་བར་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ཨུ་ལྷན་གྱི་ཧྲུའུ་ཅིའི་འགན་ཁུར་བ།
         2007ལོའི་ཟླ་7པ་ནས་20013ལོའི་ཟླ་1པོའི་བར་སི་ཁྲོན་ཞིང་ཆེན་ཨུ་ལྷན་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པའི་འགན་ཁུར་བ།
          2013ལོའི་ཟླ་1པོ་ནས་2017ལོའི་ཟླ་9པའི་བར་སི་ཁྲོན་ཞིང་ཆེན་ནགས་ལས་ཐིང་གི་འགོ་འཛིན་དང་ཏང་ཙུའུ་ཡི་ཧྲུའུ་ཅིའི་འགན་ཁུར་བ། (དེའི་བར་སྐབས་སུ། 2015ལོའི་ཟླ་3པ་ནས་2015ལོའི་ཟླ་7པའི་བར་ཀྲུང་དབྱང་ཏང་གི་སློབ་གྲྭའི་ལས་བྱེད་པ་དར་གཞོན་གསོ་སྦྱོང་འཛིན་གྲྭ་སློབ་དུས་38པར་སློབ་སྦྱོང་བྱས་པ།)
         2017ལོའི་ཟླ་9པ་ནས་བཟུང་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་འགོ་འཛིན་གཞོན་པ་དང་། ཞིང་ཆེན་ནགས་ལས་ཐིང་གི་འགོ་འཛིན་དང་ཏང་ཙུའུ་ཡི་ཧྲུའུ་ཅིའི་འགན་ཁུར་བ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1