ཞི་ཅིན་ཕིང་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་པའི་རྩ་འཛུགས་ཀྱི་ཚང་འཛོམས་ཚོགས་ཆེན་སྐབས་གྱ་དྲུག་པ་ཚོགས་འགོ་བརྩམས་པའི་མཛད་སྒོར་ཞུགས་པར་མ་ཟད་གཏམ་བཤད་གནང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་དྲ་ལམ་བོད་སྐད་རྒྱང་སྒྲོག་དྲ་བ། སྤེལ་དུས། 09-27


        ཟླ་དགུ་བའི་ཚེས་ཉེར་དྲུག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་རྒྱལ་ཁབ་གྲོས་ཚོགས་ལྟེ་གནས་ནས་ཚོགས་པའི་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་པའི་རྩ་འཛུགས་ཀྱི་ཚང་འཛོམས་ཚོགས་ཆེན་སྐབས་གྱ་དྲུག་པ་ཚོགས་མགོ་བརྩམས་པའི་མཛད་སྒོར་ཞུགས་པར་མ་ཟད་ཁ་ཡིག་ལ་མཉམ་ལས་གསར་སྐྲུན་དང་ཁྲིམས་སྐྱོང་མཉམ་རྒྱལ་རྒྱུན་འཁྱོངས་བྱས་ཏེ་མཉམ་དུ་འཛམ་གླིང་ཡོངས་ཀྱི་བདེ་འཇགས་བཅོས་སྐྱོང་གཏིང་ཟབ་ཏུ་སྤེལ་དགོས་ཞེས་པའི་གཏམ་བཤད་གནང། ཁོས་གིས་ཀྲུང་གོས་རྒྱལ་ཁབ་སོ་སོའི་སྲིད་གཞུང་དང་དེའི་ཁྲིམས་སྐྱོང་ལས་ཁུངས། དེ་མིན་རྒྱལ་སྤྱིའི་རྩ་འཛུགས་སོ་སོ་དང་མཉམ་དུ་མཉམ་ལས་དང་གསར་སྐྲུན། ཁྲིམས་སྐྱོང། མཉམ་རྒྱལ་བཅས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས་ཡོངས་ཁྱབ་ཏུ་བདེ་འཇགས་ཡིན་པའི་མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པ་མཉམ་སྐྲུན་བྱེད་འདོད་ཡོད་ཅེས་བསྟན། 
        ཉིན་དེའི་སྔ་དྲོའི་དུས་ཚོད་དགུ་དང་སྐར་མ་སུམ་ཅུའི་སྟེང་ཞི་ཅིན་ཕིང་ཚོགས་རར་ཕེབས་རྗེས་ཚོགས་ར་ཡོངས་སུ་ཐལ་མོ་རྡེབ་སྒྲས་ཁེངས། ཚོགས་ཆེན་སྟེང་ཞི་ཅིན་ཕིང་གིས་གཏམ་གལ་ཆེན་བཤད། ཁོང་གིས་རྒྱལ་སྤྱིའི་ཁྲིམས་སྐྱོང་བདེ་འཇགས་མཉམ་ལས་ལ་ཤུགས་སྣོན་པའི་ཐད་འདོད་ཚུལ་བཞི་བཏོན། གཅིག མཉམ་ལས་མཉམ་སྐྲུན་རྒྱུན་འཁྱོངས་བྱས་ཏེ་ཡུན་རིང་བདེ་འཇགས་མངོན་འགྱུར་བྱ་དགོས། གཉིས། བཅོས་སྒྱུར་གསར་སྐྲུན་རྒྱུན་འཁྱོངས་བྱས་ཏེ་མཉམ་དུ་བཅོས་སྐྱོང་བྱེད་པ་མངོན་འགྱུར་བྱ་དགོས། གསུམ། ཁྲིམས་སྐྱོང་སྙིང་སྟོབས་རྒྱུན་འཁྱོངས་བྱས་ཏེ་འདྲ་མཉམ་དྲང་བདེན་མངོན་འགྱུར་བྱ་དགོས། བཞི། གཉིས་ཕན་མཉམ་རྒྱལ་རྒྱུན་འཁྱོངས་བྱས་ཏེ་དོ་མཉམ་ཀུན་ཕན་མངོན་འགྱུར་བྱ་དགོས་པ་བཅས་རེད། 
        ཞི་ཅིན་ཕིང་གིས་ཀྲུང་གོས་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་རྩ་འཛུགས་ཀྱིས་འཛམ་གླིང་གི་བདེ་འཇགས་དང་བརྟན་འཇགས་སྲུང་སྐྱོབ་ཐད་ལ་འབད་བརྩོན་བྱས་པར་གཟེངས་བསྟོད་བྱེད་པར་མ་ཟད་མུ་མཐུད་ནས་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་རྩ་འཛུགས་ཀྱིས་འཛམ་གླིང་ཡོངས་ཀྱི་བདེ་འཇགས་བཅོས་སྐྱོང་ཐད་ལ་ནུས་པ་ཆེན་པོ་འདོན་པར་རྒྱབ་སྐྱོར་བྱེད་པ་ཡིན། མ་འོངས་པའི་ལོ་ལྔའི་ནང་ཀྲུང་གོ་སྲིད་གཞུང་གིས་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་རྩ་འཛུགས་ཀྱིས་འཛམ་གླིང་ཡོངས་ཀྱི་བདེ་འཇགས་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་ཤུགས་ཚད་ཇེ་ཆེར་གཏོང་བ་དང་། རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་རྩ་འཛུགས་ཀྱི་ཁྲིམས་སྐྱོང་ནུས་པའི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་ཤུགས་ཚད་ཇེ་ཆེར་གཏོང་བར་མ་ཟད། རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་རྩ་འཛུགས་ཀྱི་འཛམ་གླིང་ཡོངས་སུ་ཤུགས་རྐྱེན་ཐེབས་པའི་ནུས་པ་དང་འགོ་ཁྲིད་ནུས་པ་ཇེ་ཆེར་འགྲོ་བར་རྒྱབ་སྐྱོར་བྱེད་ངེས་ཡིན་ཞེས་བསྟན། 
        ཞི་ཅིན་ཕིང་གིས་ཞི་བདེ་དང་འཕེལ་རྒྱས་ཀྱི་བགྲོད་ལམ་བདེ་བླག་ཡིན་མི་སྲིད་ལ། མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པའི་དམིགས་འབེན་གསར་སྐྲུན་བྱེད་པར་རྒྱལ་ཁབ་སོ་སོས་འབད་བརྩོན་ལྷོད་མེད་བྱ་དགོས། ཀྲུང་གོས་རྒྱ་ཆེའི་ཁོངས་གཏོགས་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་དང་ལས་ཁུངས་བཅས་ལ་འབྲེལ་འདྲིས་དང་གཞོགས་འདེགས་དམ་པོ་བྱེད་པ་དང་མཉམ་ཤུགས་གཅིག་སྡུད་སྒོས་མཉམ་ལས་བྱེད་པར་མ་ཟད་ཧུར་ཐག་སྒོས་འཛམ་གླིང་ཡོངས་ཀྱི་བདེ་འཇགས་བཅོས་སྐྱོང་ཁྲོད་དུ་ཞུགས་ནས། མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཀྱི་བླ་མེད་ལས་དོན་གོང་འཕེལ་དུ་འགྲོ་བར་བྱས་རྗེས་ཆེན་པོ་འཇོག་འདོད་ཡོད་ཅེས་བསྟན། 
        རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་རྩ་འཛུགས་ནི་འཛམ་གླིང་ཡོངས་སུ་ཁེབས་པའི་གཞི་ཁྱོན་ཆེས་ཆེ་བ་དང་ཁོངས་གཏོགས་རྒྱལ་ཁབ་ཆེས་མང་ལ། འཐུས་ཚབ་རང་བཞིན་ཆེས་ཆེ་བའི་རྒྱལ་སྤྱིའི་ཁྲིམས་སྐྱོང་མཉམ་ལས་རྩ་འཛུགས་ཤིག་ཡིན། རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་རྩ་འཛུགས་ཀྱི་ཚང་འཛོམས་ཚོགས་ཆེན་སྐབས་གྱ་དྲུག་པ་དེ་ཚེས་ཉེར་དྲུག་ཉིན་ནས་ཚེས་ཉེར་དགུ་ཉིན་བར་པེ་ཅིན་ནས་ཚོགས་པ་དང་། རྒྱལ་ཁབ་དང་ས་གནས་བརྒྱ་དང་ང་བརྒྱད་ནས་ཡོང་བའི་ཁྲིམས་སྐྱོང་མི་སྣ་དང་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་རྩ་འཛུགས་ཀྱི་འགན་འཁུར་བ། འབྲེལ་ཡོད་རྒྱལ་སྤྱིའི་ལས་ཁུངས་ཀྱི་འཐུས་མི་བཅས་ཚོགས་ཆེན་ལ་ཞུགས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1