གཙོ་ངོས།>> དམངས་སྲོལ།>>དུས་ཆེན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༧ལོའི་ཟླ་བ་༡༠ཚེས་༠༩ཉིན།

༄༅།། ཁྲོ་ཆུའི་སྨོན་པ་དུས་ཆེན།

       སྨོན་པ་དུས་ཆེན་ལ་ཡུལ་ལྷར་གུས་མཆོད་དུས་ཆེན་ཡང་ཟེར། ལུགས་རྙིང་གི་ཟླ་གསུམ་པར་རོལ་རྒྱུ་ཡིན་ལ། ཁྲོ་ཆུ་ས་ཁུལ་དུ་དར་ཁྱབ་ཆེ། སྡེ་བ་སོ་སོས་ལོ་རེ་བཞིན་རེས་བསྐོར་ནས་ཁྱིམ་ཚང་གཉིས་ཀྱིས་རེ་རེ་བཞིན་ནས་ཆང་ཟོམ་ལྔ་རེ་བསྙལ་དགོས་པ་རེད། 

      དུས་ཆེན་གྱི་ཉིན་དེར། ཐོག་མར་སྐྱེས་པ་ཚོས་རི་མགོ་ནས་སྦོམ་ཕྲ་མཛུབ་མོ་ལྟ་བུའི་གསོམ་ཤིང་གི་ཡལ་ག་བཅད་དེ། དེ་ཡི་སྣེ་གཅིག་ཏུ་ཤུག་པའི་ལོ་མ་སྡོམ་པ། བླ་མས་ཆོས་གསུངས་རྗེས་སྡེ་བ་ཡོངས་ཀྱི་སྐྱེས་པ་དང་གྲྭ་བཙུན་རྣམས་ཀྱིས་སྦུབ་ཆ་དང་རྔ་རྡུང་བ། བོའུ་འཕེན་པ། སྔགས་འདོན་པ། ཆོས་གསུང་བ་བཅས་ཀྱི་སྒོས་སྡེ་བར་སྐོར་བ་ལན་གཅིག་བྱས་ཏེ། བདུད་འདྲེ་འདུལ་བ་རེད།  

      དེ་ནས་བྱིས་པ་13བདམས་ནས་དེ་ལས་དཔའ་པོ་ཞིག་གིས་མགོ་ཁྲིད་དེ་ལག་ལ་ཤིང་ཐོམས་འཛིན་པ་དང་། ཐོམས་ནང་དུ་ཤུག་པར་མེ་བསྒྲོན་ནས་དུ་བ་ལང་ལོང་དུ་འཕྱུར་བར་བྱེད། གཞན་བྱིས་པ་12ཀྱིས་རེ་རེ་བཞིན་བཀའ་འགྱུར་སྣ་རིང་རེ་འཁུར་ནས་བོའུ་སྐད་བསྒྲགས་པ་དང་ཆབས་ཅིག སྔ་གཞུག་རྩོད་ཞོར་དུ་སྡེ་བ་ཡོངས་ཀྱི་ས་ཞིང་ལ་སྐོར་བ་ལན་གཅིག་བྱས་རྗེས་ཕྱིར་ལོག་པ། གྲྭ་བ་ཞིག་གིས་ཆོས་གསུངས་རྗེས་གསོམ་ཤིང་གི་ཡལ་ག་གྲྭ་བཙུན་རྣམས་ལ་བགོས་ཏེ། ས་ཞིང་རེ་ལ་ཡལ་ག་རེ་བཙུགས་ནས་འབུ་གནོད་སེལ་བ་དང་ཐོག་སེར་འགོག་པ། ལོ་ལེགས་འབྱུང་བར་སྲུང་སྐྱོང་བྱེད་པ་རེད། ཆོ་ག་མཇུག་བསྒྲིལ་རྗེས། ཞིང་ཁའི་ས་སྟོང་དུ་མི་རྣམས་བསྡད་དེ་ནས་ཆང་འཐུང་བ་དང་སྐོར་བྲོ་འཁྲབ་པ། མཚན་མོར་དགའ་བས་ཡིད་ཚིམས་རག་བར་དུ་ཁྱིམ་ལ་མི་ལོག

(རྔ་བ་ཚགས་པར་ཁང་གི་འཕྲིན་སྟེགས་ལས་བཤུས།)


39.7K

རྩོམ་ཡིག་སྔོན་མ།
༄༅།། ཤོན།
རྩོམ་ཡིག་རྗེས་མ།
༄༅།། པོད་པ་སེང་གེ

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1