བོད་ལྗོངས་སུ་དམངས་སྤྱོད་ཀྱི་མཁའ་ཐོག་སྲོག་སྐྱོབ་རོགས་སྐྱོབ་རུ་ཁག་ཐོག་མ་བཙུགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མི་དམངས་དྲ་བ། སྤེལ་དུས། 10-10


        ཉེ་ཆར། བོད་རང་སྐྱོང་ལྗོངས་དམར་རྟགས་ཚོགས་པའི་དགུ་དགུ་དགུ་ཡི་འཕྲལ་སྡོམ་སྲོག་སྐྱོབ་(རོགས་སྐྱོབ)ལྟེ་གནས་ལྷ་སར་བཙུགས་པ་དེ་ཐོག་ནས་བོད་ལ་དམངས་སྤྱོད་ཀྱི་མཁའ་ཐོག་འཕྲལ་སྡོམ་སྲོག་སྐྱོབ་དང་རོགས་སྐྱོབ་བྱེད་མཁན་ཐོག་མ་ཡོད་པ་མཚོན་ཡོད། སླད་ཕྱིན། རུ་ཁག་དེས་བོད་དུ་ནད་པ་ལྕི་པོར་གསོ་རླུང་མྱུར་དུ་བླུགས་ནས་སྐྱེལ་བ་དང་མཁའ་ཐོག་ཏུ་ནད་བཅོས་སྲོག་སྐྱོབ་བྱ་རྒྱུ་ཡིན་ཞིང་། འདི་ནི་བོད་རང་སྐྱོང་ལྗོངས་དམར་རྟགས་ཚོགས་པའི་དགུ་དགུ་དགུ་འཕྲལ་སྡོམ་སྲོག་སྐྱོབ་(རོགས་སྐྱོབ)ལྟེ་གནས་ཀྱི་ཐད་འཕུར་གནམ་གྲུ་དང་རླངས་འཁོར་གྱིས་ལྷ་སའི་ཚེ་མཆོག་གླིང་གནམ་ཐང་དུ་བཀའ་སྒུག་བཞིན་ཡོད་པ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1