སི་ཁྲོན་ཞིང་ཆེན་གྱི་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་35པེ་ཅིང་དུ་ཡོང་སྟེ་གསོ་སྦྱོང་དུ་ཞུགས་པ།

པད་མས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ།  སྤེལ་དུས། 10-10


 
        ཟླ་10པའི་ཚེས་9ཉིན། སི་ཁྲོན་ཞིང་ཨུའི་རྒྱུན་ཨུ་དང་། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ལི་ཅིང་དང་མི་འགྱངས་བར་པེ་ཅིང་དུ་གསོ་སྦྱོང་ནང་ཞུགས་མཁན་གྱི་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་གསར་པ་35ཡིས་བཞུགས་མོལ་གནང་ཞིང་། སི་ཁྲོན་ཞིང་ཆེན་ཨུ་ལྷན་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་དང་། ཞིང་ཨུའི་བོད་རིགས་ས་ཁུལ་གཞུང་དོན་ཁང་གི་ཀྲུའུ་རེན་ཀྲང་ཧྥུ་ཀོས་ཚོགས་འདུར་གཙོ་སྐྱོང་གནང་བ་རེད།
          ལི་ཅིན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་ཚུན་ནས་བཟུང་། བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་པའི་ཏང་ཀྲུང་དབྱང་གིས་བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་གྱི་ལས་དོན་ལ་མཐོང་ཆེན་ཚད་མཐོན་པོ་བྱེད་ཅིང་། བོད་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་དམིགས་ནས་ཐབས་ཇུས་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་བྱས་ཏེ། གངས་ལྗོངས་ས་མཐོའི་ཆེད་དུ་མ་འོངས་པར་ཁ་ཕྱོགས་པའི་རླབས་ཆེ་བའི་འཆར་གཞི་བཟོས། སི་ཁྲོན་ཞིང་ཆེན་ཨུ་ལྷན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་བོད་ཀྱི་ལས་དོན་གལ་ཆེའི་གཏམ་བཤད་ནན་ཏན་སྒོས་ལག་ལེན་མཐིལ་ཕྱིན་བྱས་ཤིང་། ” འཕེལ་རྒྱས་དང་། དམངས་འཚོ་། བརྟན་ལྷིང་བཅས་ཀྱི་དོན་ཆེན་གསུམ་དུས་གཅིག་ཏུ་དམ་འཛིན་བྱེད་པའི”བོད་ཁུལ་གྱི་ལས་དོན་སྐོར་ལ་མཛུབ་སྟོན་བྱེད་པའི་བསམ་བློ་རྒྱུན་འཁྱོངས་དང་གཏན་བྱས་ཏེ།  ཕྱོགས་ཡོངས་ནས་བོད་ཁུལ་གྱི་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་ཐུན་མོང་གི་འབད་བརྩོན་བརྒྱུད་དེ་སི་ཁྲོན་ཞིང་ཆེན་གྱི་བོད་རིགས་ས་ཁུལ་ལ་རྩ་བའི་རང་བཞིན་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད།
          ལི་ཅིང་གིས་ནན་བཤད་གནང་དོན། སྤྲུལ་སྐུ་རྣམ་པས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས་ཏེ། མི་རྣམས་ཀྱི་སྣེ་ཁྲིད་དེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་སི་ཁྲོན་ཞིང་ཆེན་བོད་རིགས་ས་ཁུལ་དུ་བྱུང་བའི་རྩ་བའི་རང་བཞིན་དང་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་དྲིལ་སྒྲོག་བྱེད་པ་དང་། ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་དྲིལ་སྒྲོག་བྱེད་པར་མ་ཟད།  ད་རུང་མི་རྣམས་ཀྱི་སྣེ་ཁྲིད་དེ་ཀྲུང་དབྱང་དང་སི་ཁྲོན་ཞིང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་དགོས་ཤིང་། “ ཆབ་སྲིད་ཐོག་བློས་འགེལ་ཆོག་པ་དང་། ཆོས་ལུགས་ཐད་ཡོན་ཚད་མཐོ་བ་། ཀུན་སྤྱོད་ཐད་ཚང་མས་ཁས་ལེན་པ། གནད་འགག་གི་དུས་སུ་ནུས་པ་འདོན་པའི”ཚད་གཞི་གཞིར་བཟུང་སྟེ་ཏང་ལ་དགའ་ཞེན་དང་། སྡོམ་འཛིན་སྒྲིབ་སྦྱོང་ལེགས་པོ་བྱ་བ་དང་། ཁྲིམས་ལྟར་དགོན་པ་སྐྱོང་བ། སེམས་ཅན་ཐམས་ཅད་ལ་ཕན་པའི་མིག་དཔེ་བཟང་པོ་སྟོན་པར་འབད་པ་བྱས་ཏེ། བོད་བརྒྱུད་ནང་བསྟན་དད་ལྡན་མང་ཚོགས་ལ་ཞབས་འདེལས་ཞུ་བ་དང་། མང་ཚོགས་ལ་བདེ་སྐྱིད་བསྐྲུན་པའི་ཐོག་ཏུ་བསྐྱོད་པར་སྣེ་ཁྲིད་བྱེད་པ་དང་། དུས་བབ་གསར་པ་དང་དུས་རབས་གསར་པར་འཚར་ལོངས་གསར་པ་དང་འཕེལ་རིམ་གསར་པ་ཡོད་པ་དང་། རང་འགུལ་ངང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཆམ་མཐུན་ཡོང་བ་བྱས་ཏེ་མཛེས་སྡུག་འབྱོར་ཕྱུག་ལྡན་པའི་འཆམ་མཐུན་གྱི་བོད་ཁུལ་འཛུགས་སྐྲུན་བྱེད་ཆེད་བྱས་རྗེས་ཆེན་པོ་འཇོག་དགོས།
          ཚོགས་ཐོག་ཏུ། སློབ་མའི་འཐུས་ཚབ་གསུམ་གྱིས་རང་ཉིད་ཀྱི་མྱོང་ཚོར་དངོས་ལ་བརྟེན་ནས་རང་གི་ངོས་ཟིན་དང་མྱོང་ཚོར་ལྷུག་པོར་གླེང་ཞིང་།  བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་བསྟུན་པའི་བཟློག་མེད་ཀྱི་འཕེལ་ཕྱོགས་དང་དུས་རབས་ཀྱི་དོན་སྙིང་བརྗོད་དེ་ཀྲུང་གོའི་གུང་ཁྲན་ཏང་དང་མེས་རྒྱལ་ཁྱིམ་ཚང་ཆེན་པོར་བཅངས་པའི་བརྩེ་སེམས་དང་དགའ་ཞེན་མཚོན་པར་བྱས། སློབ་མ་ཚོས་མགྲིན་གཅིག་ཏུ་གསོ་སྦྱོང་བྱས་རྗེས་ཕྱིར་སི་ཁྲོན་དུ་ལོག་རྗེས་རང་ཉིད་ཀྱིས་སྦྱངས་ཟིན་པ་དང་།  བསམ་བློ་བཏང་རིགས།  ཐོབ་བྱ་འཐོབ་རིགས་དགོན་སྡེའི་དོ་དམ་ཆུ་ཚད་མཐོར་གཏོང་དང་། བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་པར་སྐུལ་འདེད་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་ཀྱི་ཐོག་ཏུ་བསྒྱུར་ཏེ་བོད་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་བར་ལྡན་འོས་པའི་་བྱས་རྗེས་འཇོག་དགོས་ཞེས་བསྟན།
          སི་ཁྲོན་ཞིང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་ཝང་པིན་ཡོན་དང་། ཞིང་ཨུད་བོད་རིགས་ས་ཁུལ་གྱི་གཞུང་དོན་ཁང་གི་ཆེད་འགན་ཀྲུའུ་རེན་གཞོན་པ་ཞུས་ཅོན། ཞིང་ཆེན་མི་རིགས་ཆོས་ལུགས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལི་ཁེ། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་སྐོར་ཞིབ་པ་གཞོན་པ་ལིའུ་ཀྲི་ཏུང་སོགས་བཞུགས་མོལ་ཚོགས་འདུར་ཞུགས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1