དུས་ཆེན་གཉིས་རིང་རྒྱལ་ཡོངས་ཀྱིས་རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས་དུང་ཕྱུར་7ལྷག་ཙམ་ལ་སྣེ་ལེན་ཞུས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 10-11


        ཟླ་10ཚེས་8ཉིན་རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་གསལ། 2017ལོའི་རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་གྱི་ངལ་གསོའི་རིང་ཡུལ་སྐོར་ཁྲོམ་རའི་མཁོ་སྤྲོད་འདང་ངེས་དང་། འཁོར་སྐྱོད་བརྟན་པ། བདེ་འཇགས་དང་སྒྲིག་ལམ་ལྡན་པ་བཅས་ཡོད་པས་རྒྱལ་ཡོངས་སུ་ཡུལ་སྐོར་གྱི་བདེ་འཇགས་ལས་འཛོལ་ཚབས་ཆེན་གཅིག་ཀྱང་ཐོན་མེད་ལ་ཡུལ་སྐོར་ཐད་ཞུ་གཏུག་ཆེན་པོ་རྒྱག་མཁན་གཅིག་ཀྱང་བྱུང་མེད། རྒྱལ་ཁབ་ཡུལ་སྐོར་ཅུས་གྲངས་གཞི་ལྟེ་གནས་ཀྱི་ཕྱོགས་བསྡུས་ཚོད་རྩིས་ལ་གཞིགས་ན། ད་རེས་ཀྱི་ངལ་གསོའི་དུས་ཚོད་རིང་རྒྱལ་ཡོངས་ཀྱིས་ཁྱོན་རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས་དུང་ཕྱུར་7.05ལ་སྣེ་ལེན་ཞུས་ནས་རྒྱལ་ནང་ཡུལ་སྐོར་གྱི་ཡོང་འབབ་སྒོར་དུང་ཕྱུར་5836བྱུང་བ་དེ་བསྡུར་གཞི་ཡོད་པའི་ཚད་གཞིའི་ཉིན་7དག་2016ལོའི་དུས་མཚུངས་དང་བསྡུར་ནས་རྩིས་བརྒྱབ་ཚེ་11.9%དང་13.9%སོ་སོར་འཕར་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1