གཙོ་ངོས།>> གསར་འགྱུར།>>བོད་ཁུལ་གཞན་དག

པད་མས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། སྤེལ་དུས། ༢༠༡༧ལོའི་ཟླ་བ་༡༠ཚེས་༡༢ཉིན།

མཁའ་དམག་སྤྱི་ཁྱབ་སྨན་ཁང་གིས་མཚོ་སྔོན་བོད་ཁུལ་གྱི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་གཉིས་ལ་སྨན་བཅོས་བྱས་པ།

          ཀྲུང་གོའི་བོད་ལྗོངས་དྲ་བའི་ཐོག་གནས་ཚུལ་སྤེལ་གསལ།  ཉིན་ཤས་སྔོན། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་མཁའ་དམག་སྤྱི་ཁྱབ་སྨན་ཁང་( གཤམ་དུ་བསྡུས་མིང་ལ་《 མཁའ་དམག་སྤྱི་ཁྱབ་སྨན་ཁང་》 ཞེས་བརྗོད་རྒྱུ་) གིས་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནས་ཡོང་བའི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་གཉིས་ལ་བདེ་ལེགས་ངང་སྨན་བཅོས་ལེགས་འགྲུབ་བྱུང་།
          མཁའ་དམག་སྤྱི་ཁྱབ་སྨན་ཁང་གི་སྙིང་ཁམས་ཁྲག་རྩའི་ཁོག་ནད་ཚན་ཁག་གི་ཆེད་མཁས་པ་ཐན་ཅན་ཝེས་མཚམས་སྦྱོར་བྱས་པ་ལྟར་ན། ཟླ་9 བའི་མཇུག་ཏུ་སྨན་ཁང་དུ་ཞིབ་བཤེར་བྱེད་སྐབས། ཡུལ་ཤུལ་གྱི་བྱིས་པ་གནམ་ཆོས་ལ་ནད་བརྟག་བྱས་ཏེ་གཤག་བཅོས་ཀྱི་སྨན་བཅོས་བྱས་པར་མ་ཟད། ཁོ་མོའི་གཤག་བཅོས་ཧ་ཅང་ལེགས་འགྲུབ་བྱུང་སྟེ་སྔོན་དཔག་གི་ཕན་འབྲས་ལྟར་ཐོན། གཤག་བཅོས་བྱས་རྗེས་ཀྱི་ཆུ་ཚོད་དྲུག་གི་ནང་དུ་བྱིས་པ་མལ་ལས་ལངས་ནས་འགུལ་སྐྱོད་བྱེད་ཐུབ་སོང་།
པར་རིས་འདི་ནི་ཀྲུའུ་རེན་ཐན་ཅན་ཝེས་བྱིས་པ་ནད་པར་གཤག་བཅོས་སྔོན་གྱི་བརྟག་དཔྱད་བྱེད་པར་མ་ཟད། བྱིས་པའི་ཕ་ལ་གཤག་སྔོན་གྱི་དོ་སྣང་བྱ་དགོས་རིགས་ཁ་ཏ་བྱེད་ཀྱིན་ཡོད། 
          ད་ཐེངས་ཀྱི་རིན་མི་ལེན་པར་སྨན་བཅོས་བྱས་པའི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་གཉིས་པོ་ནི་ཡུལ་ཤུལ་ཁུལ་ནང་ཆེན་རྫོང་ནས་ཡིན་ཞིང་། སྤྱི་ཕན་སྨན་བཅོས་བྱེད་སྒོའི་རིགས་ཆེ་གྲས“ སེམས་པ་གཅིག་སྒྲིལ·ཀྲུང་གོའི་སེམས་པ་མཉམ་གཏོད་” ཅེས་པ་ནང་ཆེན་དུ་སྐོར་སྐྱོད་སྨན་བཅོས་བྱེད་སྐབས་གྲལ་བཤེར་ཤེས་རྟོགས་བྱུང་།  ནད་པའི་ཁྱིམ་ཚང་ལ་དཀའ་ཁག་ཡོད་པ་ཤེས་ཏེ། “ སེམས་པ་གཅིག་སྒྲིལ་·ཀྲུང་གོའི་སེམས་པ་མཉམ་གཏོད་”སྒྲིག་འཛུགས་ཨུ་ལྷན་གྱིས་ཁོ་ཚོ་པེ་ཅིང་དུ་རིན་མེད་སྨན་བཅོས་བྱ་རྒྱུའི་བཀོད་སྒྲིག་བྱས། 
          གནམ་ཆོས་ནི་ད་ལོར་ལོ་11 ལ་སོན་ཞིང་། མོ་རང་ཟླ་བདུན་ལོན་པའི་དུས་སུ་ལྷན་སྐྱེས་སྙིང་ནད་ཕོག་པའི་རྩད་ཆོས་བྱུང་མོད། འོན་ཀྱང་ནང་ཆེན་རྫོང་གི་སྨན་བཅོས་ཆ་རྐྱེན་མི་འདང་བ་དང་ཁྱིམ་ཚང་ལ་དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་དབང་གིས་སྨན་བཅོས་བྱ་རྒྱུའི་གོ་སྐབས་མ་བྱུང་།“ ངས་ནམ་རྒྱུན་མི་གཞན་གྱི་ཚབ་ཏུ་ཕྱུགས་འཚོ་བ་དང་དབྱར་རྩྭ་དགུན་འབུ་བརྐོས་ནས་ཡོང་འབབ་རེ་འཐོབ་མོད། ཁྱིམ་དུ་བྱིས་པ་10ལྷག་གཉོར་དགོས་པ་དང་།  གནམ་ཆོས་ནི་བུ་ཕྲུག་རྣམས་ལས་རབས་དྲུག་པ་དེ་ཡིན་པས། ཁོ་མོ་ཁྲིད་ནས་ཕྱི་རུ་ནད་གཞི་དྲག་བཅོས་བྱ་རྒྱུའི་ནུས་པ་དངོས་གནས་མེད”ཅེས་གནམ་ཆོས་ཀྱི་ཨ་ཕ་བརྟན་མ་ཆོས་འབུམ་གྱིས་དེ་ལྟར་བཤད།
          མཁའ་དམག་སྤྱི་ཁྱབ་སྨན་ཁང་ནི་ལོ་མང་རིང་སྤྱི་ཕན་སྨན་བཅོས་ཀྱི་བྱེད་སྒོའི་ནང་ཞུགས་ཤིང་། ཐན་ཅན་ཝེ་སྨན་བཅོས་ཆེད་མཁས་པའི་དང་བླངས་པ་ཞིག་ཡིན་པའི་ཆ་ནས་སྐོར་སྐྱོད་སྨན་བཅོས་དང་གཅེས་སེམས་རོགས་སྐྱོབ་ཀྱི་བྱེད་སྒོའི་ནང་ཐེངས་དུ་མར་ཞུགས་མྱོང་། ཁོང་གིས་“ མཁའ་དམག་སྤྱི་ཁྱབ་སྨན་ཁང་གི་སྨན་བཅོས་དང་བླངས་པ་རྣམས་ཧུར་ཐག་སྒོས ‘ སེམས་པ་གཅིག་སྒྲིལ·ཀྲུང་གོའི་སེམས་པ་མཉམ་གཏོད་’ ཀྱི་སྤྱི་ཕན་བྱེད་སྒོ་ནང་ཞུགས་ཤིང་། བྱེད་སྒོ་འདིས་ང་ཚོར་རང་གིས་ཤེས་པའི་གསོ་རིག་གི་ཤེས་བྱས་ལྷན་སྐྱེས་སྙིང་ནད་ཕོག་པའི་ནད་པའི་ལས་དབང་བསྒྱུར་་བའི་གོ་སྐབས་བསྐྲུན་དུ་བཅུག་པ་དང་། འདིས་ང་ཚོའི་སེམས་ཁོང་དུ་ང་རྒྱལ་དང་སྤོབས་སེམས་ཤིག་ཁེངས་སུ་བཅུག
པར་རིས་འདི་ནི་མཁའ་དམག་སྤྱི་ཁྱབ་སྨན་ཁང་གི་སྨན་བཅོས་དང་བླངས་པས་བྱིས་པ་ནད་པ་དང་ཁྱིམ་མི་སྨན་ཁང་དུ་འདུག་པར་བསུ་བ་བྱེད་པའི་རྣམ་པ་རེད།
          “ སེམས་པ་གཅིག་སྒྲིལ·ཀྲུང་གོའི་སེམས་པ་མཉམ་གཏོད”སྒྲིག་འཛུགས་ཨུ་ལྷན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ལོའི་ཟླ་9 པར་། “ སེམས་པ་གཅིག་སྒྲིལ· ཀྲུང་གོའི་སེམས་པ་མཉམ་གཏོད་” སྤྱི་ཕན་སྨན་བཅོས་ཀྱི་བྱེད་སྒོའི་ནང་བསྡོམས་པས་ནང་ཆེན་རྫོང་ནས་ཡོང་བའི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ10ལྷག་རིན་མེད་སྒོས་པེ་ཅིང་དུ་སྨན་བཅོས་བྱེད་པར་རོགས་སྐྱོབ་བྱས་པ་དང་། མིག་སྔར་རྒྱལ་སའི་གཅེས་སེམས་སྨན་བཅོས་ལས་ཁུངས་ཀྱིས་བྱིས་པ་འདི་དག་གི་སྲོག་སྐྱོབ་ཀྱི་ལས་ཀ་བདེ་བླག་ངང་ལེགས་གྲུབ་ཟིན་པ་རེད།།

39.7K

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1