གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། སྤེལ་དུས། ༢༠༡༧ལོའི་ཟླ་བ་༡༠ཚེས་༡༢ཉིན།

རྒྱ་གར་ནས་ཞིང་སྨན་གྱི་དུག་ཕོག་དོན་རྐྱེན་བྱུང་སྟེ་མི་བཅུ་དགུ་རྐྱེན་ལམ་དུ་ཤོར།

རྒྱ་གར་གྱི་མཱ་ཧཱ་ལཱ་ཧྲི་ཐི་ལཱ་པང་གི་ཡཱ་ཝ་ཐི་མཱ་ཨར་རྫོང་དུ་སྲིང་བལ་འདེབས་པའི་ཞིང་བས་ཞིང་ནང་དུ་ཞིང་སྨན་གཏོར་བཞིན་པ།
        ཉིས་སྟོང་བཅུ་བདུན་ལོའི་ཟླ་བཅུ་བའི་ཚེས་དགུའི་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཡཱ་ཝ་ཐི་མཱ་ཨར་རྫོང་དུ་ཉེ་བའི་ཟླ་ངོ་གསུམ་གྱི་རིང་ཞིང་སྨན་གྱི་དུག་ཕོག་དོན་རྐྱེན་མང་དུ་བྱུང་སྟེ། ཉུང་མཐར་ཡང་ཞིང་བ་བཅུ་དགུ་རྐྱེན་ལམ་དུ་ཤོར་བ་དང་། མི་བཞི་བརྒྱ་དང་སོ་བརྒྱད་སྨན་ཁང་དུ་བསྡད་ནས་གསོ་བཅོས་བྱས་པ་རེད། དུག་ཕོག་མཁན་དེ་དག་ནི་སྲིང་བལ་འདེབས་སའི་ཞིང་སར་ཞིང་སྨན་གཏོར་སྐབས་ཁ་ཐུམ་སོགས་དུག་འགོག་སྒྲིག་ཆས་བེད་སྤྱོད་མ་བྱས་པ་ལས་དོན་རྐྱེན་དེ་འདྲ་བྱུང་བ་རེད།

39.7K

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1