རྔ་བ་ཁུལ་ཤིན་ཧྭ་དཔེ་མཛོད་ཁང་རྔ་བར་ཡོང་ནས་རོགས་སྐྱོར་ལས་དོན་སྤེལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། སྤེལ་དུས། 10-12


        གོམ་གང་མདུན་སྤོས་ཀྱིས་ཏང་འཛུགས་བྱེད་སྒོ་གསར་འཛུགས་བྱེད་པ་དང་གཟུགས་མེད་ཤུལ་བཞག་རིག་གནས་རྒྱུན་འཛིན་དང་། བདག་སྐྱོང་བྱེད་པ། མི་རིགས་རིག་གནས་དར་སྤེལ་བྱ་ཆེད། ཉེ་སྔོན། ཁུལ་ཤིན་ཧྭ་དཔེ་མཛོད་ཁང་གི་ཏང་ཀྲི་པའུ་ཡི་ཏང་ཡོན་རྫོང་རིག་རྩལ་རྒྱང་བསྒྲགས་གསར་འགྱུར་པར་སྐྲུན་ཅུས་དང་རྫོང་གཟིགས་མེད་ཤུལ་བཞག་རིག་གནས་རྒྱུན་འཛིན་པ་དང་། ཁ་གཏད་རང་བཞིན་ཅན་གྱི་རོགས་སྐྱོར་བྱེད་སྒོ་སྤེལ། 
        ཁ་གཏད་རོགས་སྐྱོར་བྱེད་པའི་ཁྲོད་དུ། ཁུལ་ཤིན་ཧྭ་དཔེ་མཛོད་ཁང་གི་ཁོངས་མིས་རང་རྫོང་གི་ཁྲོན་ནུབ་བོད་རིགས་དམངས་གླུའི་རྒྱུན་འཛིན་པའམ་འབྲས་དཀར་གྱི་རྒྱུན་འཛིན་པ་སོགས་དང་བསམ་བློ་བརྗེ་རེས་བྱས་ཤིང་། ཚང་མས་གཟུགས་མེད་ཤུལ་བཞག་རིག་གནས་ཀྱི་རྒྱུན་འཛིན་དང་དར་སྤེལ་ཕྱོགས་ནས་འཕྲད་པའི་དཀའ་ཁག་དང་། ཏང་ཀྲི་པུའུ་ཡིས་བྱེད་ཐབས་སྣ་ཚོགས་བཏོན་ནས་རོགས་སྐྱོར་བྱ་རྒྱུ་ཡིན་ཟེར། གཟུགས་མེད་ཤུལ་བཞག་རིག་གནས་རྒྱུན་འཛིན་པའི་བསྟན་དོན། ཁ་གཏད་རོགས་སྐྱོར་རྣམ་པ་བརྒྱུད་ནས་རྒྱུན་འཛིན་པ་ལ་བསམ་བློ་བརྗེ་རེས་བྱེད་པའི་སྟེགས་བུ་སྐྲུན་པ་དང་རིག་གནས་ལ་སྐུལ་འདེད་བྱེད་པའི་ཞོར་དུ་དཔལ་འབྱོར་ཁེ་ཕན་མྱོང་བ་དང། མི་རིགས་ཀྱི་ཕུལ་བྱུང་རིག་གནས་དར་སྤེལ་བྱེད་ཐུབ་དགོས་ཞེས་བསྟན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1