མདང་ནུབ་ཀྱི་ཕྱག་ཕྲེང་། གླུ་གར་གྱི་འཇིག་རྟེན།

མཁས་གྲུབ་དང་བདེ་ཆེན། ཨོ་རྒྱན་བཅས་ཀྱིས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 10-13



        ཚེས་11ཉིན་གྱི་དགོང་མོ། ཀྱི་ཕྱག་ཕྲེང་རྫོང་ཕྲེང་སྟོད་གྲོང་རྡལ་འབུར་སྒང་གྲོང་སྡེ་ནི་གྲོ་ཞིང་གི་སྙེ་མའི་མགོ་ལྕོག་ལྡེམ་བཞིན་ལ་གླུ་ཡི་སྙན་འགྱུར་ཕྱོགས་བཞི་རུ་ཁྱབ་ཅིང་།ལྡེམ་མྱུར་གྱི་གར་སྟབས་བར་སྣང་ལ་བསྒྱུར་བའི་གླུ་གར་གྱི་འཇིག་རྟེན་ཞིག་ཏུ་གྱུར། 

        རྨི་ལམ་ནང་གི་ཤམ་བྷ་ལ་ཞེས་པའི་དངོས་ལྗོངས་ཀྱི་གླུ་གར་འཁྲབ་སྟོན་གྱིས་སི་ཁྲོན་ཞིང་ཆེན་གྱི་སྐབས་བརྒྱད་པའི་གྲོང་གསེབ་ཡུལ་སྐོར་དུས་ཆེན་དང་ཕྱག་ཕྲེང་རྫོང་གི་སྐབས་དང་པོའི་བོད་ཁང་དཀར་བསྒྱུར་དུས་ཆེན་གྱི་བྱེད་སྒོའི་འགོ་ཚུགས་ཤིང་། བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་གྲོང་ཨུའི་ཧྲུའུ་ཅི་ཡུས་ཧྲེང་ཞང་གདན་ཞུས་ལྟར་དགོང་ཚོགས་སུ་ཕེབས་པ་དང་།ཁུལ་ཨུའི་རྒྱུན་ཨུ། དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་བྱམས་བློ། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཀྲེན་ཐན་ཆང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཅང་ཞིའུ་ཡིང་བཅས་མང་ཚོགས་དང་ལྷན་དུ་གླུ་གར་འཁྲབ་སྟོན་ལ་གཟིགས་པ་རེད།

       ཤེས་རྟོགས་བྱུང་བ་ལྟར་ན། རྨི་ལམ་ནང་གི་ཤམ་བྷ་ལ་ཞེས་པའི་གླུ་གར་འཁྲབ་སྟོན་ཆེ་གྲས་དེ་ནི་ཞིང་ཆེན་དང་ཁུལ་ནང་གི་གླུ་གར་གསར་རྩོམ་གྱི་རྩེ་གྲའི་མི་སྣ་ཚོགས་པས་དུས་ཡུན་ཟླ་གསུམ་གྱི་རིང་ལ་གྲ་སྒྲིག་བྱས་པ་དང་། དེ་ནི་རང་ཁུལ་ལམ་ཐ་ན་ཞིང་ཆེན་ཡོངས་སུ་ཐོག་མར་གསར་གཏོད་བྱས་པའི་ཞིང་སྡེའི་དངོས་ལྗོངས་ཟློས་གར་ཆེ་གྲས་ཤིག་ཡིན་ཞིང་། དེས་བོད་རིགས་ཀྱི་ཞིང་སྡེའི་རིག་གནས་འཁྲབ་སྟོན་ཐད་གསེར་གྱི་རྟགས་མ་མེད་པའི་སྟོང་ཆ་བསྐང་ཡུལ་གྱི་རིག་རྩལ་འཁྲབ་སྟོན་རྩེ་གྲ་ཞིག་ཏུ་གྱུར་ཡོད།

       རྨི་ལམ་ནང་གི་ཤམ་བྷ་ལ་ཞེས་པའི་གླུ་གར་འཁྲབ་སྟོན་ལ་འཁྲབ་ཚན་ལེའུ་བཞི་ཡིས་གྲུབ་པ་དང་། ས་ཞིང་མུའུ་68ཀྱིས་དངོས་ལྗོངས་འཁྲབ་སྟོན་གྱི་གར་སྟེགས་ཆེན་མོ་བྱས་ཤིང་། འཁྲབ་སྟོན་པ་138ཀྱིས་རིག་རྩལ་འཁྲབ་སྟོན་བྱས་པ་རེད། ཡུལ་སྐོར་དུས་ཆེན་ནང་གདན་ཞུ་བྱས་པའི་སྐུ་མགྲོན་དང་ལྟད་མོ་བ་རྣམས་ཀྱིས་ས་གནས་རང་གི་སྲོལ་རྒྱུན་དང་དེང་རབས་ཀྱི་ཚན་རྩལ་མཉམ་འདྲེས་བྱས་པ་དང་།འཁྲབ་སྟེགས་ཀྱི་གཞི་ཁྱོན་ཆེ་ལ་གཏམ་རྒྱུད་རེ་རེས་མི་སེམས་འགུལ་ཞིང་། འཁྲབ་སྟོན་རེ་རེས་ཡིད་དབང་འཕྲོག་པས་དགོང་ཚོགས་ཀྱི་འཁྲབ་སྟོན།ཧ་ལས་པའི་བསྟོད་ཚིག་གི་མེ་ཏོག་ཡང་ཡང་གཏོར་རོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1