དཀར་མཛེས་ཁུལ་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོག་པར་བསུ་མ་ཞུ་བའི་བརྟན་འཇགས་འགན་སྲུང་དང་དབུལ་ཐར་འགག་སྒྲོལ་གྱི་ཁྲིད་སྟོན་ལས་ཀའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས།

ལྷ་འཛོམས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 10-16


        སྤྱི་ཟླ10པའི་ཚེས10ཉིན། དཀར་མཛེས་ཁུལ་ཡོངས་ཀྱི་ཏང་གི་ཚོགས་ཆེན་བཅུ་དགུ་པ་བསུ་མ་ཞུ་བའི་བརྟན་འཇགས་འགན་སྲུང་དང་དབུལ་ཐར་འགག་སྒྲོལ་གྱི་ལྟ་སྐུལ་ཁྲིད་སྟོན་ལས་ཀའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་དར་མདོར་འཚོགས་པ་རེད།
གྲོས་ཚོགས་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ལྗོངས་ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་གྱི་སྒྲོག་འགྲེམ་ལས་ཀ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པ་ཚོགས་པའི་སྐབས་ཀྱི་བརྟན་བརླིང་འགན་སྲུང་གི་ལས་ཀ་དང་དབུལ་ཐར་འགག་སྒྲོལ་ལས་ཀ འགོ་ཁྲིད་ལས་བྱེད་པ་གཞི་རིམ་དུ་སྐྱོད་པའི་བྱེད་སྒོ་བཅས་བཀོད་སྒྲིག་བྱས་པ་རེད། ཚོགས་འདུའི་ཐོག་ད་དུང་རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་སྐབས་ཀྱི་ཁུལ་ཡོངས་ཀྱི་བརྟན་བརླིང་འགན་སྲུང་དང་བདེ་འཇགས་འགན་ལེན་ལས་ཀའི་གནས་ཚུལ་བརྡ་ཁྱབ་བཏང་བ་རེད།
        ལིའུ་ཁྲེང་མིང་གིས་ཐུགས་རེ་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ལྗོངས་ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་གཏིང་ཟབ་བྱས་ནས་ཏན་ཏིག་གིས་ལས་ཀ་དེ་དེང་སྐབས་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ལས་འགན་གལ་ཆེ་ཞིག་ཏུ་བརྩིས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་གསར་པ་དང་དགོངས་དོན་གསར་པ། འཐབ་ཇུས་གསར་པ་བཅས་དང་ཟུང་འབྲེལ་བྱས་ནས་ཏན་ཏིག་གིས་ལས་བྱེད་པ་དང་མང་ཚོགས་ལ་ཆབ་སྲིད་ཁྲིད་སྟོན་དང་བསམ་བློ་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ནས་སློབ་སྦྱོང་ཟབ་མོ་དང་གོ་བ་ཟབ་མོ་བླངས་ནས་བསམ་བློར་དྲག་ཆས་སྤྲས་པ། ལག་ལེན་ལ་ཁྲིད་སྟོན་བྱེད་པ་བཅས་བྱས་ནས་དཀར་མཛེས་ཁུལ་གྱི་བོད་ཁུལ་དར་རྒྱས་གོང་འཕེལ་དང་ཡུན་རིང་བདེ་འགོད་ཀྱི་ལེའུ་གསར་པ་བྲིས་པར་སྐུལ་འདེད་གཏང་དགོས།
        ཁོང་གིས་ཐུགས་རེ་གནང་དོན། ནུས་ཤུགས་ཡོད་རྒུས་ཏང་གི་ཚོགས་ཆེན་བཅུ་དགུ་པ་ཚོགས་སྐབས་ཀྱི་བརྟན་བརླིང་སྲུང་སྐྱོང་དང་བདེ་འཇགས་འགན་སྲུང་ལས་ཀ་ཡག་མོ་བསྒྲུབ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོ་ཡིན་པས། རིམ་པ་ཁག་དང་སྡེ་ཁག་སོ་སོས་སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་ཞིང་ངོས་འཛིན་གཅིག་གྱུར་དང་ནུས་ཤུགས་གཅིག་བསྡུས་བྱས་ནས་སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་སྲུང་སྐྱོང་བྱ་དགོས། སེམས་ཐག་གཙང་བཅད་ཀྱིས་དབུལ་ཐར་འགག་སྒྲོལ་གྱི་ལས་ཀ་ཡག་མོ་ཏན་ཏིག་བསྒྲུབས་ཏེ་འཆམ་མཐུན་བརྟན་བརླིང་གི་དམངས་སེམས་ཀྱི་རྨང་གཞི་སྲ་བརྟན་གཏང་དགོས། འགོ་ཁྲིད་ལས་བྱེད་པ་གཞི་རིམ་དུ་སྐྱོད་པའི་བྱེད་སྒོ་ཟབ་ཏུ་སྤེལ་ནས་བརྟན་བརླིང་སྲུང་སྐྱོང་བྱེད་པའི་མང་ཚོགས་ཀྱི་རྨང་གཞི་བརྟན་པོ་འདིང་དགོས། སྔོན་དུ་ཇུས་འགོད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙིང་དོན་སློབ་སྦྱོང་གཏིང་ཟབ་ཏུ་བྱ་རྒྱུའི་ལས་ཀ་སོ་སོ་ཡག་པོ་བསྒྲུབ་དགོས།
        དཀར་མཛེས་ཁུལ་གྱི་ཚོགས་པ་ཆེན་པོ་བཞིའི་དར་མདོར་ཡོད་པའི་འགོ་ཁྲིད་དང་ཁུལ་ཁྲིམས་ཁང་གི་འགོ་འཛིན་པ། ཁུལ་ཞིབ་དཔྱོད་ཁང་གི་འགོ་འཛིན་པ། དཀར་མཛེས་ཡན་ལག་དམག་ཁུལ་དང་ཁུལ་དུ་བཅའ་སྡོད་བྱེད་མཁན་དྲག་ཆས་ཉེན་རྟོག་དམག་དཔུང་གི་འབྲེལ་ཡོད་འགོ་ཁྲིད་སོགས་གྲོས་ཚོགས་ནང་ཞུགས་ཡོད། རྫོང(གྲོང་ཁྱེར)གི་ཚོགས་པ་ཆེན་པོ་བཞིའི་འགོ་ཁྲིད་དང་ཁྲིམས་ཁང་གི་འགོ་འཛིན་པ།ཞིབ་དཔྱོད་ཁང་གི་འགོ་འཛིན་སོགས་ཡན་ལག་ཚོགས་རར་ཞུགས་ཡོད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1