དབུལ་སྒྲོལ་ཕྱུག་འགྱུར་གྱི་སྣེ་ཤན་པ་ཅིང་རིན་ཨིན།

ཚེ་རིང་དབང་རྒྱལ་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། སྤེལ་དུས། 10-16


        བཙན་ལྷ་རྫོང་དབང་ཞི་གྲོང་རྡལ་ན་ཀུན་གྱིས་གོ་མ་མྱོང་བའི་གྲོང་ཚོའི་ཧྲུའུ་ཅི་ཞིག་ཡོད་ལ།  ཁོས་སེམས་ཀྱིས་ཁྱིམ་གཞི་བསྐྱངས་པས་བྱ་བར་གྲུབ་འབྲས་ཆེན་པོ་བླངས་ཡོད་པ་དང་། གནད་འཁེལ་དབུལ་སྒྲོལ་གྱི་བརྒྱུད་རིམ་ཁྲོད་མང་ཚོགས་ལ་རོགས་རམ་བྱས་ཏེ་གནད་དོན་མང་བོ་ཐག་བཅད་པས་ཁོ་ནི་དབུལ་སྒྲོལ་ཕྱུག་འགྱུར་གྱི་སྣེ་ཤན་པ་དང་།   རྔ་བ་ཁུལ་དམངས་འཐུས་ཚོགས་ཆེན་སྐབས་བརྒྱད་པ་དང་བཅུ་གཅིག་པའི་འཐུས་མི།  བཙན་ལྷ་རྫོང་ཞིན་ལུང་ཞིང་ལས་ཐོན་རྫས་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་ཟིའི་ལས་འཛིན་འགོ་ཁྲིད་པ།   ཙེ་ཞིའོ་སྡེ་བའི་ཧྲུའུ་ཅི་ཅིང་རིན་ཨིན་རེད། 
        དབང་ཞི་གྲོང་རྡལ་གྱི་ཙེ་ཞིའོ་སྡེ་བ་ནི་རི་སྐེད་དུ་ཆགས་ཡོད་ལ།  གནའ་ནས་ད་ལྟའི་བར་དུ་འཐུང་ཆུ་ནི་གནད་དོན་ཆེན་པོ་ཞིག་ཏུ་གྱུར་བ་ཡོད་པ་དང་།  དེའི་རྐྱེན་གྱིས་ཁྱིམ་ཚང་མང་བོའི་དཔལ་འབྱོར་གྱི་ཡོང་ཁུངས་ནི་སྲོལ་རྒྱུན་གྱི་ཞིང་ལས་ཐོན་སྐྱེད་གཅིག་པུར་བརྟེན་ཡོད་པ་རེད། ཉིས་སྟོང་བཅུ་བདུན་ལོར་གནད་དོན་དེར་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་མཐོང་ཆེན་དང་རྒྱབ་སྐྱོར་བྱས་ཏེ་ཡུལ་དེའི་མང་ཚོགས་ཀྱི་ཆུ་འདྲེན་གནད་དོན་སེལ་བར་མ་རྩ་ཁྲི་ཉི་ཤུ་བཏང་བ་དང་།  གཏམ་བཟང་དེས་མང་ཚོགས་ཀྱི་སྤྲོ་བར་རྣམ་པར་ དྲངས་པས་ཁོ་ཚོ་ཧུར་བརྩོན་གྱིས་ལས་ཀར་ཞུགས་པ་རེད།བཙན་ལྷ་རྫོང་དབང་ཞི་གྲོང་རྡལ་ཙེ་ཞིའོ་སྡེ་བའི་ཧྲུའུ་ཅི་ཅིང་རིན་ཨིན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན་ཉིན་བཅུ་ནས་ཉི་ཤུའི་བར་དུ་ས་ཅི་འདྲིའི་བརྐོས་ཀྱང་ཆུ་ཐིགས་ཙམ་ཡང་མེད་པས།  དེ་ལ་སེམས་ཚེགས་ཆེན་པོ་འདུག་ཟེར། 
        མང་ཚོགས་ཀྱིས་ཆུ་རྙེད་པར་རེ་བའི་བརྩོན་འགྲུས་ཀྱི་མེ་ལྕེ་རེ་རེ་བཞིན་འཇོམས་པའི་དུས་སུ་ཅིང་རིན་ཨིན་གྱི་ཐོག་མཐར་བར་གསུམ་དུ་རྒྱུན་འཁྱོངས་བྱས་ན་མི་འགྲུབ་བྱ་བ་ཅི་ཡང་མེད་ཅེས་པའི་བསླབ་བྱ་སེམས་སུ་བཅུག་སྟེ་ཁོས་མང་ཚོགས་ཀྱི་སྣེ་ཁྲིད་དེ་བྱ་བ་ལེགས་པར་བསྒྲུབས་པ་རེད། 
        དེའི་རྗེས་སུ་ཆུ་རྙེད་མོད་ས་བབ་ཀྱི་དབང་གིས་ལས་གཞི་དེ་ཇི་ལྟར་བསྒྲུབ་དགོས་པ་གནད་དོན་ཞིག་ཏུ་གྱུར་བས།  ཅིང་རིན་ཨིན་གྱིས་སྡེ་དམངས་ཨུ་ཡོན་གཉིས་ལ་གྲོས་བསྡུར་བྱས་པ་མ་ཟད།  རྫོང་གི་འབྲེལ་ཡོད་སྡེ་ཁག་ལ་རྒྱབ་སྐྱོང་གནང་བར་རེ་འབོད་བྱས་པས་འཛུགས་སྐྲུན་གྱི་འཆར་གཞི་དངོས་སུ་གྲུབ་པ་རེད།འདི་ལྟར་ཅིང་རིན་ཨིན་དང་སྡེ་མི་རྣམས་ཀྱི་འབད་པར་བརྟེན་ཟླ་བ་གཉིས་ཀྱི་རིང་དུ་སྨི་ཉིས་སྟོང་བཞི་བརྒྱ་ཡོད་པའི་སྦུག་ལམ་ལས་གྲྭ་དང་སྨི་ཉིས་སྟོང་ཡོད་པའི་ཨར་འདམ་ཆུ་རྐ་ལེགས་པར་གྲུབ་པས།  ས་མུའུ་བདུན་བརྒྱ་ལྷག་དང་སྒོ་ཟོག་ཉིས་སྟོང་ལྷག  མི་གྲངས་སུམ་བརྒྱ་ལྷག་གི་འཐུང་ཆུའི་གནད་དོན་ཐག་བཅད་པ་རེད།   དོན་དག་འདིས་སྡེ་མི་རྣམས་ལ་བསླབ་བྱ་ཞིག་ཐོབ་ཡོད་པ་སྟེ།  དེ་ནི་འབད་པས་རྒྱུན་འཁྱོངས་བྱེད་རྒྱུ་ན།  མི་འགྲུབ་བྱ་བ་ཅི་ཡང་མེད་ཅེས་པའོ།།         
        ད་དུང་ཅིང་རིན་ཨིན་གྱིས་རང་གི་ཞིང་ལས་ཐོན་སྐྱེད་བཟོ་གྲྭའི་ནུས་ཤུགས་བེད་སྤྱད་དེ་ཞིང་ལས་ཐོན་རྫས་འགྲེམ་ཚོང་དང་ཐོན་སྐྱེད།   ཉོ་སྒྲུབ་སོགས་ཀྱི་ལས་སྒོ་རུ་དབུལ་ཕོངས་ཁྱིམ་ཚང་གི་ཐོན་ལས་འཕེལ་རྒྱས་ཀྱི་མདུན་ལམ་བཙལ་སྟེ།  ལས་ཞུགས་ཀྱི་གོ་སྐབས་སྤྲད་པས་མང་ཚོགས་རྣམས་ཀྱིས་དགའ་བསུ་ཆེན་པོ་ཐོབ་པ་རེད། ཁོས་སྣེ་ཁྲིད་འོག་ཙེ་ཞིའོ་སྡེ་བ་ནི་རྫོང་རིམ་པའི་དཔལ་ཡོན་གྱིས་ཕྱུག་པའི་གྲོང་སྡེར་བདམས་པ་དང་།  ཁོས་གཉེར་བའི་བཙན་ལྷ་རྫོང་ཞིན་ལུང་ཞིང་ལས་ཐོན་རྫས་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སི་ནི་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་བཙན་ལྷ་རྫོང་ཞིང་ལས་ཐོན་ལས་ཅན་གྱི་ཁེ་ལས་ཆེན་པོར་བདམས་ཡོད་པ་མ་ཟད།  ཁོ་ལའང་གཟེངས་བསྟོད་བྱ་དགའ་མང་བོ་གནང་བ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1