བློ་རྩེ་གཅིག་ཏུ་སྒྲིམ། གོ་བ་ཟབ་མོ་ལེན།

རྩོམ་སྒྲིག་པ།ཡོང་ཁུངས།རྔ་བ་གསར་འགྱུར་ཁང་། སྤེལ་དུས། 10-19


        དེ་རིང་ཞོགས་པར། རྔ་བ་ཁུལ་གྱི་ས་གནས་ཁག་གི་ལས་བྱེད་པ་དང་རོང་འབྲོག་མང་ཚོགས་སུ་ཡིན་རུང་། སྔར་དང་མི་འདྲ་བར་ནངས་སྔ་མོ་ནས་ཡར་ལངས་ནས་ཞོགས་ཟས་ཟོས་ཤིང་། བརྙན་འཕྲིན་གྱི་མདུན་དུ་ཅོག་ནས་རྒྱལ་ཡོངས་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་བ་འཚོགས་མགོ་རྩོམ་པའི་ཐད་གཏོང་བརྙན་འཕྲིན་ལ་བསྒུགས་ནས་ཁ་རོག་གེར་བསྡད། འཚོགས་མགོ་བརྩམས་པ་ནས་བློ་རྩེ་གཅིག་ཏུ་བསྒྲིམས་ཤིང་རྣ་བ་བླགས་ནས། ཞི་ཅིན་ཕིང་གིས་གནངས་བའི་སྙན་ཞུ་ལ་ནན་ནན་ཏན་ཏན་གྱིས་ཉན་ནས། སྙན་ཞུ་ཡི་དགོངས་དོན་རེ་རེ་ལ་གོ་བ་ཟབ་མོ་ལེན་བཞིན་གདའ། 
        ཞི་ཅིན་ཕིང་གིས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་ནས་ཚོགས་ཆེན་དུ་ཁ་བྱང་ལ་འབྱོར་འབྲིང་སྤྱི་ཚོགས་ཀུན་ནས་ལེགས་པར་འགྲུབ་པ་དང་དུས་རབས་གསར་བར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་རྒྱུ་ཡིན་ཞེས་པའི་སྙན་ཞུ་ཕུལ་བ་རེད།  
        རྔ་བ་ཁུལ་ཏང་སྲིད་དམག་གི་ལས་ཁུངས་ཀྱི་ལས་བྱེད་པ་རྣམས་གཅིག་ཏུ་འཛོམས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་བ་འཚོགས་མགོ་ཚུགས་པར་བལྟས་ནས་ཞི་ཅིན་ཕིང་གིས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་ནས་ཚོགས་ཆེན་ལ་ཕུལ་བའི་སྙན་ཞུ་ལ་ནན་ཏན་གྱིས་ཉན་པ་རེད།  

འབར་ཁམས་གྲོང་ཁྱེར།

        ཅོའུ་ཀྲོའུ་ཐང་ནས་གྲོང་དམངས་རྣམས་ཡར་ལངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་ཐད་གཏོང་བརྙན་འཕྲིན་ལ་ལྟ་བཞིན་པ།

        ཅོག་ཙེ་གྲོང་རྡལ་གྱི་ཝང་ཅིན་ལུང་ཚང་གིས་ཐད་གཏོང་ལ་ལྟ་བཞིན་པ།

ཆུ་ཆེན་རྫོང་།  

        ལོ་འདི་ཚོར། ཏང་གི་དབུ་ཁྲིད་འོག འཚོ་བ་ཇེ་བཟང་ཇེ་ལེགས་ཡིན་ལ། ངེད་སྡེ་བར་རྒན་བཀུར་ཆུང་གཅེས་སོགས་ཀྱི་གུས་སྲོལ་བཟང་བོ་ཆགས་ཡོད། མེས་རྒྱལ་སྔར་བས་སྟོབས་ལྡན་དུ་འགྱུར་བར་སྨོན་ཞེས་ལོ་ན་64ལོན་པའི་བགྲེས་པོ་ཕན་ཀྲའོ་ཧྭ་ཡིས་བཤད། 

བཙན་ལྷ་རྫོང་།
        བཙན་ལྷ་རྫོང་གི་ཞིང་ཁྱིམ་སྤྲོ་གསེང་ཁང་ནས་བརྙན་འཕྲིན་ལ་ལྟ་བཞིན་པ།  

རྔ་བ་རྫོང་།        

        རྔ་བ་རྫོང་གི་གྲྭ་བ་རྣམས་ལྷན་དུ་འདུས་ནས་ཐད་གཏོང་ལ་བལྟས་ཤིང་། བདེ་སྐྱིད་ཀྱི་འཚོ་བ་ལྡན་པར་ཡིད་ཆེས་ཀྱིས་ཁེངས་འདུག 

མཛོད་དགེ་རྫོང་།

        མཛོད་དགེ་རྫོང་བོད་ཡིག་སློབ་འབྲིང་གི་དགེ་སློབ་རྣམས་ཀྱིས་སློབ་ཁང་ནས་ཐད་གཏོང་ལ་བལྟས་ཤིང་། ཕ་ཡུལ་གྱི་སློབ་གསོའི་ལས་དོན་ལ་སྟོབས་ཤུགས་འབུལ་བའི་ཆོད་སེམས་བསྟན་བྱུང་།


ཧུང་ཡོན་རྫོང་།

ཧུང་ཡོན་ཚེ་རྡོར་ཚང་གིས་ཐད་གཏོང་ལ་བལྟས་ཤིང་། མ་འོངས་པའི་འཚོ་བ་ཉིན་བཞིན་ཇེ་སྐྱིད་དུ་འགྲོ་བར་ཡིད་ཆེས་ཀྱིས་ཁེངས་འདུག

འཛམ་ཐང་རྫོང་།

འཛམ་ཐང་རྫོང་གི་གྲྭ་བ་ཀུན་དགས་རང་གི་གྲྭ་ཤག་ནས་ཐད་གཏོང་ལ་བལྟས་ཤིང་། མེས་རྒྱལ་ཉིན་བཞིན་སྟོབས་ལྡན་དུ་འགྱུར་བར་སྨོན་ལམ་འདེབས་བཞིན་འདུག

ཝུན་ཁྲོན་རྫོང་།

ཝུན་ཁྲོན་རྫོང་དབྱིན་ཞིན་ཡུལ་ཚོའི་ཆའང་འཚེམ་རྟེན་གཞི་ནས་ཡུལ་དེའི་མང་ཚོགས་རྣམས་ལྷན་དུ་འདུས་ནས་ཐད་གཏོང་ལ་ལྟ་བཞིན་པ། 

ལིས་རྫོང་།

ལིས་རྫོང་གི་ཝུན་འབར་མྱུར་བགྲོད་གཞུང་ལམ་གྱི་ལས་བཟོ་བ་རྣམས་ཀྱིས་ཐད་གཏོང་ལ་ལྟ་བཞིན་པ། 


མའོ་རྫོང་།

མའོ་རྫོང་གི་ཡུལ་དེ་གའི་ཆའང་རིགས་རྣམས་ལྷན་དུ་འདུས་ནས་ཐད་གཏོང་ལ་ལྟ་བཞིན་པ། 

ཟུང་ཆུ་རྫོང་།

ཡུལ་དེའི་ཧའེ་རིགས་རྣམས་ལྷན་དུ་འདུས་ནས་ཐད་གཏོང་ལ་བལྟས་ཤིང་། མི་རིགས་མཐུན་སྒྲིལ་གྱི་ཁྱིམ་ཚང་ཆེན་མོ་ནས་མ་འོངས་པའི་འཚོ་བ་ཉིན་བཞིན་ཇེ་ལེགས་སུ་འགྲོ་བར་ཡིད་ཆེས་བརྟན་པོ་འདུག

གཟི་རྩ་སྡེ་དགུ་རྫོང་།

གཟི་རྩ་སྡེ་དགུ་ཧྲོང་ཧི་ཡུལ་ཚོའི་སྡེ་དམངས་རྣམས་ལྷན་དུ་འདུས་ནས་ཐད་གཏོང་ལ་བལྟས་ཤིང་། ཏང་གི་སྲིད་ཇུས་བཟང་བས་ངེད་གནོད་ཐེབས་མང་ཚོགས་ཡུལ་གཞན་དུ་གནས་སྤར་བ་ལག་ཏུ་བསྟར་ཡོད་ཅེས་གྲོང་དམངས་ཞུའུ་ཙི་ཅིན་གྱིས་བཤད། 


ཁྲོ་ཆུ་རྫོང་།
ཁྲོ་ཆུ་རྫོང་གི་དམངས་དམག་རྣམས་ལྷན་དུ་འདུས་ནས་ཐད་གཏོང་ལ་བལྟས་ཤིང་། རྒྱལ་ཁབ་དང་ཕ་ཡུལ་གྱི་འཕེལ་རྒྱས་ལ་སྟོབས་ཤུགས་འབུལ་བའི་ཆོད་སེམས་བསྟན་བྱུང་།
ཝོ་ལུང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ། ཝོ་ལུང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལས་བྱེད་པ་རྣམས་ཀྱིས་ཐད་གཏོང་ལ་བལྟས་ཏེ། སྐྱེ་ཁམས་སྲུང་སྐྱོང་ཕྱོགས་ཀྱི་སྲིད་ཇུས་ལ་དོ་སྣང་ཆེན་པོ་བྱེད་བཞིན་འདུག


       


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1