སི་ཁྲོན་ཞིང་ཆེན་གྱི་འཐུས་མི་ཚོགས་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་ཆེན་བཅུ་དགུ་པའི་ཐོག་ཕུལ་བའི་སྙན་ཞུ་ལ་གྲོས་བསྡུར་བྱས།

མཁའ་འགྲོ་མཚོས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 10-19


        ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་ཞུགས་པའི་སི་ཁྲོན་ཞིང་ཆེན་གྱི་འཐུས་མི་ཚོགས་པས་ཟླ་10བའི་ཚེས་18ཉིན་གྱི་ཕྱི་དྲོར་བཅའ་སྡོད་བྱེད་གནས་སུ་ཚང་འཛོམས་གྲོས་ཚོགས་བསྡུ་འཚོགས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་ཕུལ་བའི་སྙན་ཞུ་ལ་གྲོས་བསྡུར་གནང་། བློ་མཐུན་ཝང་དབྱང་དང་ཚའོ་ཅིན་མིང་གཉིས་སི་ཁྲོན་གྱི་འཐུས་མི་ཚོགས་པའི་སྡོད་གནས་སུ་ཕེབས་ནས་གྲོས་བསྡུར་ཚོགས་འདུའི་ཁྲོད་ཞུགས་པར་མ་ཟད་གསུང་བཤད་ཀྱང་གནང་། འཐུས་མི་ཚོགས་པའི་ཚོགས་གཙོ་ཝང་ཏུང་མིང་གིས་ཚོགས་འདུར་གཙོ་སྐྱོང་གནང་བར་མ་ཟད་གསུང་བཤད་གནང་། འཐུས་མི་ཚོགས་པའི་ཚོགས་གཙོ་གཞོན་པ་དབྱིན་ལི་དང་ཏེན་ཞའོ་ཀང་གཉིས་ཀྱིས་གསུང་བཤད་གནང་།
        ཝང་དབྱང་གིས་གསུང་བཤད་ཀྱི་ཁྲོད་འདས་པའི་ལོ་ལྔའི་རིང་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་པའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་ཏུ་ཏང་དང་རྒྱལ་ཁབ་ཀྱི་བྱ་བཞག་འཕེལ་རྒྱས་ཀྱི་ཐད་དུ་ལོ་རྒྱུས་རིང་བཞིན་གྱི་འགྱུར་ལྡོག་བྱུང་། དེ་མིན་ཡུལ་ཚོ་དང་གྲོང་གསེབ་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱས་པ་དེ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་བསྒྲུབ་པའི་འཐབ་ཇུས་གལ་ཆེན་ཡིན་ལ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རང་ལུགས་གྱི་དུས་རབས་གསར་པ་འཛུགས་སྐྲུན་བྱེད་པའི་ནང་དོན་གལ་ཆེན་དེ་ཡིན། ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་གྲོང་གསེབ་ཀྱི་སྤྱི་ཚོགས་ཡར་རྒྱས་སུ་གཏོང་བར་སྐུལ་འདེད། ཀྲུང་ཧྭ་མི་རིགས་ཀྱི་རྨོ་འདེབས་རིག་གནས་དར་སྤེལ་གཏོང་བ་བཅས་ཀྱི་ཐད་དུ་དོན་སྙིང་གལ་ཆེན་ལྡན་ཞེས་ནན་གྱིས་བསྟན།

        ཚའོ་ཅན་མིང་གིས་གསུང་བཤད་ཀྱི་ཁྲོད་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་ཕུལ་བའི་སྙན་ཞུ་ནི་བསམ་བློ་བཅངས་འགྲོལ་དང་དངོས་ཐོག་བདེན་འཚོལ། དུས་བསྟུན་མདུན་སྐྱོད་བྱེད་པའི་སྙན་ཞུ་ཞིག་ཡིན་ལ། ཏང་གི་དར་ཆ་མཐོན་པོར་བསྒྲེང་བ་དང་སྔར་སོང་རྒྱུན་འཛིན་དང་མ་འོངས་གསར་གཏོད། མི་ལ་སྐུལ་སློང་བྱེད་པའི་སྙན་ཞུ་ཞིག་ཀྱང་རེད་ཅེས་བསྟན། 

        ཝང་ཏུང་མིང་གིས་གསུང་བཤད་ཀྱི་ཁྲོད་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་སྙན་ཞུ་ཕུལ་བར་ང་རང་ཧ་ཅང་མོས་མཐུན་བྱུང་བར་མ་ཟད་བརྩི་བཀུར་ཡང་ཡོད།  སྙན་ཞུའི་ནང་དོན་གྱི་ཆ་ནས་མིག་རྒྱང་རིང་ཤིང་ཚད་གཞི་མཐོ་བ་དང་། བརྗིད་ཉམས་ལྡན་པ། མཁྱེན་རྒྱ་ཡངས་པ། ཡིད་ཆེས་བརྟན་པོ་བཅས་ཡོད་པས། སྲ་ཞིང་བརྟན་པའི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུའི་ཐོག་མདུན་དུ་བསྐྱོད་པའི་ཆབ་སྲིད་ཀྱི་བསྒྲགས་གཏམ་ཞིག་ཡིན་ལ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་པར་རྒྱལ་ཁ་ལེན་པ་དང་། དུས་སྐབས་གསར་པའི་ཁྲོད་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རང་ལུགས་ལ་རྒྱལ་ཁ་ལེན་པའི་གཞི་འཛིན་ས་གཙོ་བོ་དང་། མར་ཁེ་སི་ཡི་བདེན་དོན་རང་ལུགས་ལྡན་པའི་ཡིག་ཆ་གལ་ཆེན་ཞིག་རེད་ཅེས་བསྟན།། 
        དབྱི་ལི་ཡིས་གསུང་བཤད་ཀྱི་ཁྲོད་དུ། སྙན་ཞུ་ཡིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རང་ལུགས་དེ་དུས་རབས་གསར་པ་རུ་བསྐྱོད་པ་དང་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོར་འགྱུར་ལྡོག་བྱུང་བའི་སྐོར་ཞིབ་བརྗོད་བྱས་ནས། དུས་སྐབས་གསར་པའི་ཁྲོད་ཀྱི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་གཞི་རྩའི་བྱེད་ཕྱོགས་སོགས་གསལ་བོར་བཏོན་པས། འདི་ནི་མར་ཁེ་སིའི་རང་ལུགས་དེ་ཀྲུང་གོ་ཅན་དུ་གྱུར་བའི་གྲུབ་འབྲས་གསར་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བར་བྱེད་པའི་ཡིག་ཆ་གལ་ཆེན་ཞིག་ཡིན་པས་ང་རང་དེ་ལ་མོས་མཐུན་བྱུང་བར་མ་ཟད་དེ་ལ་བརྩི་བཀུར་བྱ་རྒྱུ་ཡིན་ཞེས་བསྟན།
        ཏེང་ཞའོ་ཀང་གིས་གསུང་བཤད་ཀྱི་ཁྲོད་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕུལ་བའི་སྙན་ཞུ་དེ་དུས་རབས་ཀྱི་འཕེལ་རྒྱས་དང་མཐུན་པ་དང་། ཏང་ཡོངས་ཀྱི་ཐུན་མོང་གི་ལྟ་བ་གཅིག་དུ་བསྡུས་པ། མི་དམངས་ཀྱི་སེམས་འདུན་མཚོན་ཡོད་པས་ང་རང་མོས་མཐུན་བྱུང་བར་མ་ཟད་དེ་ལ་བརྩི་བཀུར་བྱ་རྒྱུ་ཡིན་ཟེར། ལའོ་ཆང་དང་ཡའོ་ཆིང་ཡིང་། ཝང་ལིའང་ཁྲེན། སུང་ཁྲའོ་ཧྭ་སོགས་ཀྱི་འཐུས་ཚབ་པ་རྣམས་ཀྱིས་ཕྱོགས་སོ་སོའི་ཐད་ནས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུར་དམིགས་ནས་གྲོས་བསྡུར་དང་གཏམ་བཤད་གནང་།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1