ཏང་གི་སྐབས་གསར་པའི་ཀྲུང་དབྱང་འགོ་ཁྲིད་ལས་ཁུངས་བདམས་ཐོན་བྱུང་བའི་དངོས་བྲིས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། སྤེལ་དུས། 10-27


        ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། སྤྱི་ལོ་2017ལོའི་ཟླ་10པའི་ཚེས་25ཉིན་གྱི་སྔ་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་མི་25ལས་གྲུབ་པའི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་བདམས་ཐོན་བྱུང་བ་དང་། ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་བཅས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལ་བདམས་ཐོན་བྱུང་། ཞི་ཅིན་ཕིང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་པ་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཁོངས་མིར་གྲོས་འཆམ་བྱུང་བ། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་གྲུབ་ཆའི་མི་སྣ་གཏན་འཁེལ་བྱུང་བར་མ་ཟད། སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་བདམས་ཐོན་བྱུང་བའི་འགོ་ཁྲིད་ལས་ཁུངས་ལ་ཆོག་མཆན་སྤྲད།
        དེ་ནི་ཏང་ཡོན་བྱེ་བ་བརྒྱད་དང་ས་ཡ་དགུ་ལྷག་གི་ལམ་སྣེ་ཁྲིད་མཁན་ལྟ་བུ་དང་། མི་དམངས་དུང་ཕྱུར་13ལྷག་གི་བརྟེན་ས་གཙོ་བོ་ཡིན།
        ལོ་ངོ་སྟོང་ཕྲག་གི་བྱ་གཞག་ཆེན་མོ་འགག་རྩ་མི་ལ་ཐུག་ཡོད། རྒྱལ་ཁབ་སྐྱོང་བའི་གཙོ་གནད་དེ་ཡང་དང་ཐོག་མི་བེད་སྤྱོད་གཏོང་རྒྱུར་ཐུག་ཡོད། དུས་རབས་གསར་པར་སྲ་བརྟན་འགོ་ཁྲིད་མཉམ་སྡེབ་གསར་པ་རེ་སྒུག་བྱེད་བཞིན་ཡོད།
        བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་གཅིག་གྱུར་འཆར་འགོད་འོག སྐབས་གསར་པའི་ཀྲུང་དབྱང་འགོ་ཁྲིད་ལས་ཁུངས་ཀྱི་འོས་མི་འདེམས་པའི་གྲ་སྒྲིག་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ།
        སྤྱི་ལོ་2017ལོའི་ལོ་འགོ་ནས་བཟུང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནས་སྐབས་གསར་པའི་ཀྲུང་དབྱང་འགོ་ཁྲིད་ལས་ཁུངས་ཀྱི་འོས་མི་གང་འདྲ་བྱས་ནས་འདེམས་རྒྱུའི་གནད་དོན་ཐད་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བློ་མཐུན་ཚོའི་བསམ་འཆར་ནན་ཏན་ངང་གསན་ཡོད་པ་རེད།
        སྤྱི་ལོ་2017ལོའི་ཟླ་4པའི་ཚེས་24ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནས་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྐོང་འཚོགས་གནང་ནས་ཆེད་མངགས་ཞིབ་འཇུག་གནང་བ་བརྒྱུད། སྐབས་བཅུ་དགུ་པའི་ཀྲུང་དབྱང་འགོ་ཁྲིད་ལས་ཁུངས་ཀྱི་འོས་མི་འདེམས་རྒྱུའི་ལས་དོན་གྱི་གླེང་མོལ་དང་བརྟག་ཞིབ། བཀོད་སྒྲིག་བཅས་སྐོར་གྱི་གྲོས་གཞིར་གྲོས་བསྡུར་བྱས་ཏེ་གྲོས་འཆམ་བྱུང་བ་དང་། གླེང་མོལ་དང་བརྟག་ཞིབ། འོས་མི་འདེམས་རྒྱུའི་ལས་དོན་ཁག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐད་ཀའི་དབུ་ཁྲིད་འོག་སྤེལ་ཡོད་པ་རེད།
        ཚང་མའི་བསམ་འཆར་དང་གྲོས་གཞི་ཕྱོགས་བསྡུས་བྱས་པའི་རྨང་གཞིའི་སྟེང་། སྤྱི་ལོ་2017ལོའི་ཟླ་9པའི་ཚེས་25ཉིན་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྐབས་གསར་པའི་ཀྲུང་དབྱང་འགོ་ཁྲིད་ལས་ཁུངས་ཀྱི་གྲུབ་ཆའི་འོས་མིའི་ཇུས་གཞི་བཏོན།
        སྐབས་གསར་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་ཁོངས་མིའི་འོས་མིའི་གྲོས་འགོའི་གྲོས་འགོའི་ཇུས་གཞི་དེ། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་། ཀྲུང་དབྱང་རྩ་འཛུགས་པུའུ་ཡི་འབྲེལ་ཡོད་ཕྱོགས་ཁག་གིས་གྲོས་བསྡུར་བྱས་པ་བརྒྱུད་ཀྲུང་དབྱང་ལ་བཏོན་ཡོད། སྐབས་གསར་པའི་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་གྲུབ་ཆའི་འོས་མིའི་གྲོས་འགོའི་ཇུས་གཞི་དེ། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་མཉམ་སྡེབ་ཐོག་གྲོས་བསྡུར་གནང་བ་བརྒྱུད་ཀྲུང་དབྱང་ལ་བཏོན།
        སྤྱི་ཟླ་9པའི་ཚེས་29ཉིན་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གྲོས་ཚོགས་ཐོག་སྐབས་གསར་པའི་ཀྲུང་དབྱང་འགོ་ཁྲིད་ལས་ཁུངས་ཀྱི་འོས་མིའི་གྲོས་འགོའི་མིང་ཐོར་གྲོས་ཞིབ་བྱས་པ་བརྒྱུད་གྲོས་འཆམ་བྱུང་ནས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་དང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐག་ཁག་སོ་སོར་འདེམ་བསྐོ་དང་། གྲོས་འཆམ་བྱ་རྒྱུ། གཏན་འབེབས་བཅས་གོང་འབུལ་ཞུས་ཡོད་པ་རེད།
        སྤྱི་ཟླ་10པའི་ཚེས་24ཉིན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་སྐབས་གསར་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་བདམས་ཐོན་བྱུང་།
        སྤྱི་ཟླ་10པའི་ཚེས་25ཉིན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་སྐབས་གསར་པའི་ཀྲུང་དབྱང་འགོ་ཁྲིད་ལས་ཁུངས་བདམས་ཐོན་བྱུང་།
        དེ་ནི་ཏང་ཡོངས་ཀྱི་བློ་སྟོབས་མཚོན་པ་དང་། ཏང་ཡོངས་ཀྱི་ཐུན་མོང་ངོས་འཛིན་གཅིག་བསྡུས་བྱེད་པ། མི་དམངས་ཀྱི་རེ་འདུན་མཚོན་པ་བཅས་ཡིན་པས། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ནས་བློས་འགེལ་ཆོག་པའི་འགོ་ཁྲིད་མཉམ་སྡེབ་ཅིག་ཡིན།
        བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་སྐབས་གསར་པའི་ཀྲུང་དབྱང་འགོ་ཁྲིད་མཉམ་སྡེབ་ཀྱིས། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་རྒྱུ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུསག་ཀྱི་རླབས་ཆེའི་དར་ཆ་མཐོན་པོར་བསྒྲེང་རྒྱུ། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་། དཀའ་སྤྱད་འབད་བརྩོན། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཟིན་པ་བྱ་རྒྱུར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་རྒྱུ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་རྒྱལ་ཁ་ལེན་རྒྱུ། ཀྲུང་གོའི་མི་དམངས་ཀྱི་རླབས་ཆེའི་ཕུགས་འདུན་མངོན་འགྱུར་ཡོང་རྒྱུའི་ཕྱོགས་སུ་མདུན་སྐྱོད་བྱ་རྒྱུ་ཡིན་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1