༄༅། །ཁྱིམ་ཚང་སློབ་གསོའི་གནད་དོན།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-23


    བྱིས་པ་སློབ་གྲྭར་སྐྱེལ་བ་ནི་ཁྱིམ་ཚང་སློབ་གསོའི་ཕྱོགས་ལ་འབྲེལ་བ་ཡོད་པ་དང་། དེའི་རྒྱ་ཆེ་ཆུང་གི་ཕྱོགས་ལ་རག་ལས་ཡོད་པས། ཁྱིམ་ཚང་ཞིག་གི་ཕ་མས་སྤྱི་ཚོགས་སློབ་གསོ་དང་སློབ་གྲྭའི་སློབ་གསོ་སོགས་ཕུན་སུམ་ཚོགས་པ་ཞིག་མྱང་ཡོད་ཚེ་བྱིས་པ་སློབ་གྲྭར་མི་སྐྱེལ་བའི་དགེ་མཚན་དང་ཕན་ནུས་སོགས་གནས་ལུགས་ཡང་དག་ཅིག་རྟོགས་ཐུབ་པ་དང་། གལ་ཏེ་ཕ་མ་གཉིས་ཀྱིས་སྤྱི་ཚོགས་དང་སློབ་གྲྭའི་སློབ་གསོ་ཅི་ཡང་མྱང་མེད་པར་རྫ་རི་ལུང་སྟོང་གི་ནང་དུ་འཚོ་བ་རོལ་བའི་འབྲོག་ཁྱིམ་ཞིག་ལ་མཚོན་ན།   རང་ཉིད་ཀྱི་འཚོ་བ་དང་འབྲེལ་ཡོད་ཀྱི་བྱ་བའི་ཉམས་མྱོང་ཙམ་མ་གཏོགས།  དེང་རབས་སྤྱི་ཚོགས་དང་མཐུན་པའི་སློབ་གསོ་མི་ཤེས་པ་དང་རྒྱལ་ཁབ་མི་རིགས་སོ་སོས་ཚ་ཚ་འུར་འུར་གྱིས་ཚན་རིག་དང་རིག་གནས་ཀྱི་ཕྱོགས་ལ་སློབ་སྦྱོང་བྱེད་བཞིན་པ་མ་མཐོང་བས། གཞན་ཞིག་གིས་བློ་སེམས་དཀར་པོས་ཁྱེད་ཚང་གི་བྱིསཔ་སློབ་གྲྭར་སྐྱོལ་ཟེར་ན།  ངེད་ཚད་གི་བྱིསཔ་འདིས་ནོར་ལུག་གི་རྫི་བོའམ་ཡང་ན་དབྱར་རྩྭ་བརྐོ་བ་སོགས་བྱ་བ་ཙག་ཙིག་ཞིག་མིང་ནས་བཟུང་སྟེ། འདི་དང་འདི་བྱེད་ཐུབ་སོགས་ཟེར་ནས་གནས་སྐབས་ཀྱི་མཐུན་རྐྱེན་ཅུང་ཟད་ཙམ་ལ་དམིགས་པ་ལས་བྱིས་པའི་མ་འོངས་འབྱུང་འགྱུར་གྱི་ཕྱོགས་ལ་བསམ་བློ་གཏོང་མི་ཤེས་བས་རོང་འབྲོག་གི་བྱིས་པ་གང་མང་ཞིག་སློབ་གྲྭར་འགྲོ་རྒྱུའི་གོ་སྐབས་འཆོར་བཞིན་འདུག དེ་ལ་མི་གཅིག་དང་གཉིས་ཙམ་མ་ཡིན་པར་རང་རིགས་ཀྱི་སློབ་གྲྭའི་སློབ་གསོ་དང་སྤྱི་ཚོགས་སློབ་གསོ་སོགས་མྱང་ཡོད་པའི་རྒན་དར་གཞོན་གསུམ་དང་སེར་སྐྱ་ཕོ་མོ་ཀུན་གྱིས་རང་ཉིད་ཀྱི་ཉམས་མྱོང་དང་བསྟུན་ནས་བློ་སེམས་དཀར་བའི་སློབ་གསོ་བྱེད་པར་འཚལ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1