ཉིང་ཁྲི་གྲོང་ཁྱེར་གྱི་ས་ཡོམ་གནོད་འཚེ་ཁྲོད་མི་སྣ་ཤི་རྨས་ཀྱི་གནས་ཚུལ་ཐོན་མི་འདུག

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བ།  སྤེལ་དུས། 11-20


          ཟླ་11པའི་ཚེས་18ཉིན་གྱི་ཞོགས་པའི་ཆུ་6དང་སྐར་མ་30ཡི་གཡས་གཡོན་དུ། ཉིང་ཁྲི་གྲོང་ཁྱེར་ལ་ས་ཡོམ་གྱི་གནོད་འཚེ་བྱུང་བ་རེད། ཤེས་རྟོགས་བྱས་པར་གཞིགས་ན་ཉིང་ཁྲིའི་རྫོང་(ཆུས)བདུན་ལ་ཡོམ་ཚོར་མངོན་གསལ་དོད་པོ་བྱུང་ཡོད་ན་ཡང་ཆུ་ཚོད་༨དང་སྐར་མ་༣༠བར་མི་སྣ་ཤི་རྨས་ཀྱི་སྙན་ཞུ་འབྱོར་མེད་པ་རེད།
          ས་ཡོམ་གྱི་གནོད་འཚེ་བྱུང་རྗེས་ཉིང་ཁྲི་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་དུས་ཚོད་དང་པོར་གྲོང་ཁྱེར་ཡོངས་ཀྱི་ས་ཡོམ་འཕྲལ་སྡོམ་གྱི་ཇུས་གཞི་སྤེལ་ནས་རྫོང་(ཆུས)དང་ཚན་པ་ཁག་གིས་བརྡ་སྐུལ་དང་ལེན་གྱིས་རྒུད་སྐྱོབ་ལས་དོན་ཁག་ཏན་ཏིག་སྒྲུབ་དགོས་པའི་བླང་བྱ་བཏོན་ཡོད་པ་རེད། གཅིག་ནས་རྫོང་(ཆུས)དང་འབྲེལ་ཡོད་ཚན་པ་ཁག ལྷག་པར་དུ་འགྲིམ་འགྲུལ་དང་། ཆུ་བེད། དམངས་སྲིད། སྡོད་ཁང་འཛུགས་སྐྲུན། རྒྱལ་ཁབ་ས་ཁོངས་ཅུས་སོགས་ཚན་པ་དང་། དེ་བཞིན་ས་ཡོམ་ཁུལ་ཉེ་འཁོར་གྱི་ཤང་དང་གྲོང་ཚོ་ཁག་གིས་ཞིབ་དཔྱད་ཡག་པོ་བྱས་ཏེ་འབྲེལ་ཡོད་གནས་ཚུལ་ཤེས་རྟོགས་ཡག་པོ་བྱེད་དགོས་པ་དང་། གཉིས་ནས་གྲོང་ཁྱེར་ས་ཡོམ་ཅུས་དང་མཐུན་སྦྱོར་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་སུ་ལྟ་ཞིབ་ཚད་ལེན་གྱི་ལས་དོན་ཡག་པོ་སྤེལ་དགོས་པ་དང་། ས་ཡོམ་ལྟ་ཞིབ་ཚད་ལེན་དྲ་བའི་ལྟེ་གནས་ཀྱི་འཁོར་རྒྱུགས་ལ་ཤུགས་སྣོན་བརྒྱབ་ཐོག་འབྲེལ་ཡོད་ལས་དོན་གྱི་སྡོམ་རྩིས་དང་སྙན་ཞུ་ཡག་པོ་སྤེལ་དགོས་པ། གསུམ་ནས་འཕྲལ་སྡོམ་ལས་རེས་ལ་ཤུགས་སྣོན་བརྒྱབ་ཐོག་གྲོང་ཚོ་དང་སྡེ་ཁུལ་ཨུ་ལྷན་གཉིས་ཀྱི་དཔུང་ཁག་དང་། གྲོང་ཚོར་བཅར་སྡོད་ལས་དོན་རུ་ཁག་གི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་གནོད་འགོག་འགེགས་སེལ་གྱི་ལས་དོན་ཁག་ཡག་པོ་ལག་བསྟར་བྱས་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་གྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས་པ་བཅས་ཁག་གསུམ་གྱི་ཐད་ནས་བླང་བྱ་ནན་པོ་བཏོན་ཡོད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1