སི་ཁྲོན་རྔ་བ་ཁུལ་དུ་དམར་དམག་སློབ་ཆུང་ཁག་དང་པོར་སྒོ་བྱང་གནང་བའི་མཛད་སྒོ་བཙན་ལྷ་རྫོང་དུ་འཚོགས་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 11-20


        ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་དབུ་བརྙེས་ནས་ལོ་ངོ་90འཁོར་བར་དྲན་གསོ་ཞུ་ཆེད་དང་། དམར་དམག་རྒྱང་སྐྱོད་ཀྱི་སྙིང་སྟོབས་དར་སྤེལ་སྔར་ལས་ལྷག་པར་གཏོང་ཆེད། དམར་པོའི་རིག་གནས་ལྡན་ཤུགས་ཆེ་བའི་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་བཙན་ལྷ་རྫོང་དུ་རྒྱལ་ཡོངས་དམར་དམག་སློབ་ཆུང་འཛུགས་སྐྲུན་ལས་གཞིའི་ལས་འཛིན་ལྷན་ཚོགས་སོགས་ལས་ཁུངས་ཀྱིས་རྔ་བ་ཁུལ་གྱི་དམར་དམག་སློབ་ཆུང་ཁག་དང་པོར་སྒོ་བྱང་གནང་བའི་མཛད་སྒོ་རྫོང་དེའི་ཏཱ་ཝེ་གངས་རིའི་དམར་དམག་སློབ་ཆུང་དུ་འཚོགས་ཤིང་། བཙན་ལྷ་རྫོང་ཏཱ་ཝེ་གངས་རི་དམར་དམག་སློབ་ཆུང་དང་མཛོད་དགེ་རྫོང་ཤིང་བལ་སྟེང་ཉེ་རུང་ཀྲེང་རྩྭ་ས་དམར་དམག་སློབ་ཆུང་ནི་རྒྱལ་ཡོངས་ཀྱི་དམར་དམག་སློབ་ཆུང་བརྒྱའི་ནང་གི་ཡ་གྱལ་གྱུར་བ་རེད།

     ངོ་སྤྲོད་བྱས་པར་གཞིགས་ན། “དམར་དམག་སློབ་ཆུང་འཛུགས་སྐྲུན་ལས་གཞི”ནི་རང་རྒྱལ་གྱི་གསར་བརྗེ་པ་རྒན་རབས་ཚོ་དང་དམར་དམག་རྗེས་རབས་པ་ཚོས་གྲོས་འགོ་བཏོན་ནས་སྤེལ་བའི་སྤྱི་ཕན་བྱ་སྤྱོད་ཅིག་ཡིན་ཞིང་། བྱ་སྤྱོད་འདི་ཀྲུང་གོ་བཟོ་ཞིང་དམར་དམག་གིས་དམག་འཐབ་བྱེད་མྱོང་སའི་ས་ཁུལ་དང་དབུལ་ཕོངས་ས་ཁུལ་དུ“དམར་དམག་སློབ་ཆུང”འཛུགས་སྐྲུན་བྱས་ནས་གསར་བརྗེའི་གནས་གཞིའི་ས་ཁུལ་རྙིང་པར་སློབ་གཉེར་ཆ་རྐྱེན་ལེགས་བཅོས་བྱེད་རོགས་བྱ་རྒྱུ་དང་། གསར་བརྗེའི་གནས་གཞིའི་ས་ཁུལ་རྙིང་པའི་བྱིས་པ་ཚོར་སྤུས་ལེགས་སློབ་གྲྭའི་སློབ་གསོ་དང་ལེན་བྱེད་དུ་བཅུག་ནས། དམར་དམག་གི་སྙིང་སྟོབས་རྒྱུན་འཛིན་བྱེད་དུ་བཅུག་རྒྱུ་རེད། བཙན་ལྷ་རྫོང་དུ་དམར་པོའི་རིག་གནས་ལོ་རྒྱུས་གཏིང་ཟབ་ལྡན་ཞིང་། 1934ལོའི་ཟླ་10པ་ནས་1936ལོའི་ཟླ་10པའི་བར་གྱི་དུས་ཡུན་ལོ་གཉིས་རིང་གི་རྒྱང་སྐྱོད་ལམ་བར་དུ་དམར་དམག་གིས་རྔ་བ་ཁུལ་ཁོངས་སུ་ཟླ་བ་16གནས་པའི་རིང་བཙན་ལྷ་རྫོང་དུ་འཚོ་གནས་དང་དམག་འཐབ་ཟླ་བ13བྱས་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1