རྔ་བ་ཁུལ་གྱིས་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ལ་སློབ་སྦྱོང་བྱས།

བདེ་མཆོག་སྐྱིད། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 11-20


        བསྟུད་མར་ཉིན་འགའི་རིང་དུ། རྔ་བ་ཁུལ་གྱི་ས་གནས་སོ་སོས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་བྱེད་པའི་མཐོ་རླབས་འཕྱུར་ཞིང་།  ཚོགས་ཆེན་བཅུ་དགུ་པའི་བསམ་བློའི་དོན་སྙིང་དང་དགོངས་དོན་གྱི་ངོ་བོ་མྱོང་ཚོར་ཟབ་མོ་བྱས་ཏེ་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ལག་ལེན་མཛུབ་སྟོན་བྱས་ཏེ།ལས་ཀར་སྐུལ་འདེད་བཏང་།  
        བཙན་ལྷ་རྫོང་གིས“ཟུང་འབྲེལ་གསུམ་དང་དོན་འཁྱོལ་གཉིས” ལ་དམིགས་ནས་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ལ་ཕྱོགས་ཡོངས་ནས་སློབ་སྦྱོང་དོན་འཁྱོལ་བྱས།སློབ་སྦྱོང་དྲིལ་བསྒྲགས་དང་། ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པའི་གོ་རིམ་ཁྲོད་དུ།བཙན་ལྷ་རྫོང་གིས་ཚོགས་ཆེན་བཅུ་དགུ་བའི་སྙན་ཞུ་གཏམ་བཤད་ཇི་ལྟར་འབད་བརྩོན་བྱེད་དགོས་པའི་ཐད་ལ།  “ཟུང་འབྲེལ་གསུམ་དང་དོན་འཁྱོལ་གཉིས” ལ་སློབ་སྦྱོང་གི་བླང་བྱ་བཏོན་ནས།  ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ལས་རྫོང་ཡོངས་ཀྱི་དཔལ་འབྱོར་གོང་འཕེལ་དང་། སྤྱི་ཚོགས་མདུན་སྐྱོད། དབུལ་བྲལ་གནད་འཁེལ།དམངས་འཚོ་བདེ་སྐྱིད་སོགས་ཀྱི་ལས་ཀ་སྣ་ཚོགས་ཀྱི་ཐད་ལ་སྐུལ་འདེད་བཏང་སྟེ། རྫོང་ཡོངས་ཀྱི་གོང་འོག་ཀུན་གྱིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་པའི་མཐོ་རླབས་འཕྱུར་འདུག 
        ཛམ་ཐང་རྫོང་གིས་རྫོང་ཨུའི་ལྟེ་གནས་ཚན་ཁག་གིས་སློབ་སྦྱོང་ཚོགས་འདུ་འཚོགས་ཏེ། ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག་དང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཀྲུང་གུང་གི་ཚོགས་ཆེན་བཅུ་དགུ་པའི་ལས་ཀར་སྙན་ཞུ་ཕུལ་བར་སློབ་སྦྱོང་བྱས། ཚོགས་ཆེན་ལས་ཏང་གི་སྒྲིག་ཡིག་དང་ཀྲུང་གོ་གུང་ཁྲན་ཏང་གི་ཕུགས་བསམ་དང་ཡིད་ཆེས་དགོངས་དོན་ནུས་ཤུགས་ལ་སློབ་སྦྱོང་བྱས་ནས།ཏང་གཟབ་ནན་སྒོས་བཅོས་སྐྱོང་དང་། ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ལམ་ནན་སྲུང་གི་དགོངས་དོན་ནུས་ཤུགས་ལ་སློབ་སྦྱོང་བྱས།  ཁྲིམས་མཐུན་སྒོས་རྫོང་སྐྱོང་བ་དང་།  ཁྲིམས་མཐུན་གྱི་བསམ་གཞིགས་བྱེད་སྟངས་མུ་མཐུད་དུ་སྤྱད་དེ་ཁྲིམས་མཐུན་སྒོས་ལས་དོན་སྒྲུབ་པའི་བྱང་ཚད་མཐོར་འདེགས་སུ་གཏོང་བ་སོགས་ཕྱོགས་གསུམ་ནས་རྫོང་ཡོངས་ཀྱི་ཏང་གི་སྒྲིག་ཡིག་ལ་སློབ་སྦྱོང་ཟབ་མོ་བྱས་ནས།ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་སྙན་ཞུ་དང་དེ་མིན་བཅའ་ཁྲིམས་ཁྱབ་གདལ་གྱི་ལས་ཀར་བཀོད་སྒྲིག་བྱེད་པར་སྐུལ་འདེད་བཏང་བ་རེད།རྫོང་ཡོངས་ཀྱི་གོང་འོག་ཀུན་གྱིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་པའི་མཐོ་རླབས་འཕྱུར།
        གསེར་མཚོ་དོ་དམ་ཅུས་ཀྱིས་ཉེ་སྔོན་ལས་བྱེད་པ་དང་ལས་བཟོ་བ་རྩ་འཛུགས་བྱས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ལ་ཆེད་དམིགས་སློབ་སྦྱོང་བྱེད་པར་རྩ་འཛུགས་བྱས། ཚོགས་འདུ་ལས་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་གྱི་བསམ་དོན་གལ་ཆེན་ལ་ཕྱོགས་ཡོངས་ནས་སློབ་སྦྱོང་དང་མྱོང་ཚོར་གང་ལེགས་བྱས་ཏེ།  ལྗོངས་ཁུལ་གྱི་དོན་དངོས་དང་ཟུང་དུ་འབྲེལ་ནས། ཚོགས་ཆེན་བཅུ་དགུ་བའི་དགོང་དོན་ལག་ལེན་མཐར་ཕྱིན་བྱས་ཤིང། ཚོགས་ཆེན་བཅུ་དགུ་བའི་སྙན་ཞུ་མཛུབ་སྟོན་དུ་བརྩིས་ཏེ།གསེར་མཚོའི་ལྗོངས་ཁུལ་ཐོན་ཁུངས་དང་ཁོར་ཡུག་སྲུང་སྐྱོང་ལ་སྔར་ལས་ཤུགས་བསྣན་ནས།  ལྗོངས་ཁུལ་ལུགས་བསྒྱུར་རིམ་སྤར་ཡོང་བར་སྔར་ལས་སྐུལ་འདེད་གཏོང་དགོས་ཞེས་བསྟན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1