སྐབས་དང་པོའི་བོད་མི་རིགས་ཀྱི་སྲོལ་རྒྱུན་འབུར་བརྙན་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་མི་སྣའི་ཟབ་སྦྱོང་འཛིན་གྲྭས་འབུར་བརྙན་འགྲེམ་སྟོན་གཉེར་བ།

རྩོམ་སྒྲིག་པ།ཡོང་ཁུངས།ཤིན་ཧྭ་དྲ་བ།  སྤེལ་དུས། 11-24


 
ཟླ་11པའི་ཚེས་23ཉིན། ཟབ་སྦྱོང་འཛིན་གྲྭའི་སློབ་མ་ཟླ་བ་བསམ་གྲུབ་ཀྱིས་རང་གི་འཇིམ་སྐུའི་བརྩམས་བྱ་སྟོན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས།
          ཟླ་11ཚེས་22ཉིན། བོད་ལྗོངས་སློབ་ཆེན་གྱི་སྐབས་དང་པོའི་བོད་མི་རིགས་ཀྱི་སྲོལ་རྒྱུན་འབུར་བརྙན་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་མི་སྣའི་ཟབ་སྦྱོང་འཛིན་གྲྭས་སློབ་མཇུག་སྒྲིལ་བའི་འགྲེམ་སྟོན་གཉེར་ཡོད། རིགས་མི་འདྲ་བའི་བོད་ལྗོངས་ཀྱི་རིམ་ཁག་འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་པ་དང་ལྷ་བཟོ་ཆེན་མོ་བ་ཚུད་པའི་མི་༢༣བོད་ལྗོངས་ཀྱི་སྐབས་དང་པོའི་བོད་མི་རིགས་ཀྱི་སྲོན་རྒྱུན་འབུར་བརྙན་རྒྱུན་འཛིན་མི་སྣའི་ཟབ་སྦྱོང་འཛིན་གྲྭའི་སློབ་མར་གྱུར་ཡོད། སློབ་མ་ཚོས་དུས་ཡུན་ཟླ་བ་གཅིག་རིང་མངོན་མིན་རིག་གནས་ཤུལ་བཞག་གི་རིག་གནས་ཤེས་བྱ་ཁྱབ་སྤེལ་དང་བོད་མི་རིགས་ཀྱི་འབུར་བརྙན་སྐོར་གྱི་ལོ་རྒྱུས་གསོ་སྦྱོང་། ལུགས་ཁག་དབར་ཕན་ཚུན་ཉམས་མྱོང་སྤེལ་རེས། དེ་བཞིན་ལག་ལེན་དངོས་ཀྱི་ལྟ་སྦྱོང་སོགས་ནང་དོན་གསོ་སྦྱོང་བྱས་ཡོད།
ཟླ་11ཚེས་22ཉིན། ཟབ་སྦྱོང་འཛིན་གྲྭའི་སློབ་མ་ནོར་བུ་དོན་གྲུབ་ཀྱིས་རང་གི་བརྩམས་བྱ་སྟོན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས།

ཟླ་11པའི་ཚེས་22ཉིན། ཟབ་སྦྱོང་འཛིན་གྲྭའི་སློབ་མ་ཚོས་ཉམས་མྱོང་སྤེལ་རེས་དང་ལྟ་སྦྱོང་བྱེད་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1