སི་ཁྲོན་གྱིས་ཚོགས་ཆེན་བཅུ་དགུ་པ་སྒྲོག་འགྲེལ་བྱེད་ཀྱིན་དཀའ་གནད་སེལ་བ།

རྩོམ་སྒྲིག་པ།ཡོང་ཁུངས། མི་དམངས་དྲ་བ། སྤེལ་དུས། 11-27



        “ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་ལེན་བསྟར་རྒྱུར་བཀོད་སྒྲིག་བྱས་ཡོད། ང་ཚོས་དབུལ་སྒྲོལ་བྱེད་དགོས་པ་མ་ཟད་ད་དུང་ཕྱུག་པོ་ཆགས་པའང་བྱེད་དགོས”ཞེས་ཟླ་11ཚེས་15ཉིན་སི་ཁྲོན་ཧུང་ཡོན་རྫོང་ཁྱུང་མཆུ་གྲོང་རྡལ་མག་གསར་གྲོང་ལྷན་གྱི་ཀྲི་པུའི་ཧྲུའུ་ཅི་གཞོན་པ་ཡུམ་མཁྱེན་གྱིས་་སྒྲོག་འགྲེལ་ཉན་རྗེས་དགའ་སྤྲོའི་ངང་བཤད།
     སི་ཁྲོན་ཞིང་ཨུད་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་ཞིང་ཆེན་དང་། གྲོང་ཁྱེར། རྫོང་བཅས་རིམ་གསུམ་ཏང་ཨུད་ཀྱི་སྒྲོག་འགྲེལ་ཚོགས་པ་སྒྲིག་འཛུགས་མྱུར་པོ་བྱས་ཏེ་གཞི་ཁྱོན་ཆེ་ལ་ཁྱོན་ཡོངས་ལ་ཁྱབ་པའི་གཅིག་སྡུད་སྒྲོག་འགྲེལ་བྱས་པ་དང་ཆབས་ཅིག་ཞིང་ཆེན་ཡོངས་ཀྱི་ས་གནས་ཁག་གིས་སྣ་མང་ཕུན་སུམ་ཚོགས་པ་དང་ཕན་འབྲས་ཀྱིས་ཕྱུག་པའི་མང་ཚོགས་རང་བཞིན་གྱི་སྒྲོག་འགྲེལ་སྤེལ་རྒྱུར་སྒྲིག་འཛུགས་སྐུལ་སློང་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་བཏང་བ་རེད།
     རྔ་པ་ཁུལ་དང་། ལེང་ཧྲན་ཁུལ། དཀར་མཛེས་ཁུལ་སོགས་གྲངས་ཉུང་མི་རིགས་འདུས་སྡོད་ཁུལ་དུ་གྲངས་ཉུང་མི་རིགས་ཀྱི་སྐད་དང་རྒྱ་སྐད་གཉིས་ཀྱི་སྒྲོག་འགྲེལ་ཚོགས་པ་སྒྲིག་འཛུགས་བྱས་ཏེ་ཕྱོགས་གཅིག་ནས་སྐད་གཉིས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ་དང་ཕྱོགས་གཞན་ཞིག་ནས་མང་ཚོགས་ལ་དཀའ་གནད་བསལ་བ་དང་དྲོ་སྐྱིད་བསྐྱལ་བས་སྒྲོག་འགྲེལ་གྱི་དངོས་ཕན་རང་བཞིན་ཆེ་རུ་ཕྱིན་པ་མ་ཟད་དམངས་ཆེད་དམངས་གཅེས་ཀྱི་ཏང་གི་བརྩེ་བ་ཟབ་མོའང་བརྒྱུད་སྤེལ་ཐུབ་པ་རེད། ས་ཁུལ་ཁག་གཅིག་གིས་རི་མཐོ་ཞིང་ལམ་ཐག་རིང་བ་དང་གྲོང་ཚོ་ཁ་ཐོར་གྱི་དོན་དངོས་གཞིར་བཟུང་ཡུལ་བབ་དང་བསྟུན་ནས“རྟ་ཐོག་གི་སྒྲོག་འགྲེལ་རུ་ཁག”བཙུགས་ཏེ་འབྲོག་པ་སྐྱས་སྤོས་བྱ་ཡུལ་དུ་སྒྲོག་འགྲེལ་བྱེད་པར་བསྐྱོད་པ་རེད།
     ཁྲེང་ཏུའུ་གྲོང་ཁྱེར་གྱིས“ལོ་ཆུང་གདོང་ལེན་རུ་མིའི་རླུང་འཕྲིན་འཕྲིན་ལམ”ཤར་གཏོང་བྱས་ཏེ་གཞོན་ཆུ་ལོ་ཆུང་སློབ་སྦྱོང་བྱེད་པའི་མྱོང་ཚོར་དང་ངོས་འཛིན་མཉམ་སྤྱོད་སྤེལ་རེས་བྱ་རྒྱུ་སྒྲིག་འཛུགས་བྱས་པ་དང་། ཙེ་ཀོང་གྲོང་ཁྱེར་གྱིས་ཞིང་པའི་རབ་བཏགས་རི་མོའི་བརྩམས་བྱ་60ལྷག་ཙམ་གསར་རྩོམ་བྱས་ཏེ་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་འགྲེལ་བཤད་བརྒྱབ་པ། ལུའུ་ཀྲོའུ་ཡི་སྨྱུག་རོལ་མགྱོགས་གཏམ་དང་། ཀོང་ཡོན་གྱི་ཤིང་རྟ་ཞབས་བྲོ། ལེ་ཧྲན་གྱི“ཤེས་རིག་གིས་ཕྱུག་པའི་ཅ་ཀྲོའུ། མི་སེར་གྱི་ཐད་གཏོང་རླངས་འཁོར”ནན་ཁྲུང་གི་གཡེར་སྨྱུག་གཞས་གཏོང་། ལེང་ཧྲན་ཀྲོའུ་ཡི་སྣང་ཚུལ་དངོས་མཚོན་འཁྲབ་ཚན་སོགས་སི་ཁྲོན་ས་གནས་ཁག་གིས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱས་ཏེ་ཀུན་གྱིས་དད་མོས་བྱེད་པ་དང་ལྟ་འདོད་ལ་ཉན་སྤྲོ་བའི་རིག་རྩལ་ལེ་ཚན་མང་པོ་ཞིག་གསར་རྩོམ་དང་། སྒྲིག་བཟོ། འཁྲབ་ཁྲིད་བཅས་བྱས་པ་དང་། རིག་གནས་དང་། འཕྲོད་བསྟེན། ཚན་རྩལ་བཅས“གཤམ་སྤེལ་གསུམ”གྱི་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ་མང་ཚོགས་ཚོར་འཁྲབ་སྟོན་བྱེད་ཞོར་དུ་སློབ་སྦྱོང་དང་སློབ་སྦྱོང་བྱེད་ཞོར་དུ་འཁྲབ་སྟོན་ཐུབ་པའི་སྣེ་ཁྲིད་དེ་གོ་བདེ་ཤོས་དང་དང་ལེན་བྱེད་བདེ་ཤོས་ཀྱི་བྱ་ཐབས་ཐོག་ནས་དྲིལ་བསྒྲགས་དང་སྒྲོག་འགྲེལ་བྱས་པས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དྲིལ་བསྒྲགས་དང་འགྲེལ་བཤད་ཐུབ་པ་མ་ཟད་རྒྱ་ཆེའི་མང་ཚོགས་ཚོར་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1