བོད་ཡིག་གི་སྤྱི་ཚོགས་རྒྱུན་བཀོལ་མིང་ཚིག་དོ་དམ་དང་བེད་སྤྱོད།

རྩོམ་སྒྲིག་པ།ཡོང་ཁུངས། མགོན་པོ་ཚེ་བརྟན། སྤེལ་དུས། 11-29


        ཉེ་ཆར། གསར་འགོད་པས་ཧུང་ཡོན་རྫོང་མི་རིགས་ཆོས་ལུགས་ཅུས་ནས་རྒྱུས་ལོན་པ་ལྟར་ན། གོམ་གང་མདུན་སྤོས་སྒོས་བོད་ཡིག་གི་སྤྱི་ཚོགས་ཀྱི་རྒྱུན་སྤྱོད་མིང་ཚིག་དོ་དམ་དང་།  བོད་ཡིག་གི་སྤྱི་ཚོགས་ཀྱི་རྒྱུན་སྤྱོད་མིང་ཚིག་ཚད་ལྡན་ཅན་དུ་གཏོང་བ། ཡིག་ནོར་དང་ཡིག་སྐྱོན་སེལ་བ། ལོ་ཙཱ་བའི་ཆུ་ཚད་ཇེ་མཐོར་གཏང་ཆེད།  རྔ་བ་ཁུལ་རྩོམ་སྒྱུར་ཅུས་དང་ཧུང་ཡོན་རྫོང་མི་རིགས་ཆོས་ལུགས་ཅུས་གཉིས་ཀྱིས་མཉམ་དུ་སྒྲུབ་པའི་བོད་ཡིག་གི་སྤྱི་ཚོགས་ཀྱི་རྒྱུན་བཀོལ་མིང་ཚིག་དོ་དམ་སྐོར་གྱི་གསོ་སྦྱོང་འཛིན་གྲྭ་ཧུང་ཡོན་རྫོང་དུ་སྤེལ།  རྫོང་རིམ་པའི་འབྲེལ་ཡོད་སྡེ་ཁག་དང་དམངས་འབྲེལ་སྡེ་ཁག  དེ་མིན་རྫོང་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ་11གི་སྐད་གཉིས་ལས་བྱེད་པ་སོགས་གསོ་སྦྱོང་དུ་ཞུགས། 
       རྒྱུས་ལོན་པ་ལྟར་ན། གསོ་སྦྱོང་ཁྲོད་དགེ་རྒན་རྣམ་པས་གཞུང་ཡིག་སྒྱུར་སྐབས་སུ་རྒྱ་ཡིག་དང་བོད་ཡིག་གི་བརྡ་སྤྲོད་སྟངས་ལ་མཉམ་འཇོག་བྱེད་དགོས་པ་དང་། སྒོ་བྱང་དང་ལྗོངས་ཁུལ་སོགས་ཀྱི་མིང་བསྒྱུར་སྐབས་མ་རྩོམ་གྱི་ནང་དོན་ལ་གོ་བ་ལེན་རྒྱུ་གཙོ་བོར་འཛིན་དགོས་པ་སོགས་ཡིག་སྒྱུར་ཤེས་བྱའི་སྐོར་གསོ་སྦྱོང་བྱས་པས། རྫོང་ཡོངས་ཀྱི་སྐད་གཉིས་ལས་བྱེད་པར་ཕན་ཆེན་པོ་ཐོགས་ཡོད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1