ཕྱུག་ཟོག་གི་ཐོན་རྫས་འགྲེམ་ཚོང་བྱས་ནས་འབབ་འཕར་ཡོང་བ་བྱས།

རྩོམ་སྒྲིག་པ།ཡོང་ཁུངས། བོད་ལྗོངས་འཕྲིན་དྲ། སྤེལ་དུས། 11-30


   
        སྤྱི་ཚེས་26ཉིན།  དུས་ཡུན་ཉིན་གསུམ་ཡིན་པའི་ནག་ཆུ་ས་ཁུལ་ནག་ཆུ་རྫོང་ཤོ་མོང་ཤང་གི་དགུན་དུས་ཚོང་འདུས་མཇུག་སྒྲིལ་བ་དང་།  ཚོང་འདུས་རིང་མང་ཚོགས་ཚོས་མར་དང་ཕྱུར་ར་སོགས་འབྲོག་ཁུལ་གྱི་ཁྱད་ལྡན་ཕྱུག་ཟོག་ཐོན་རྫས་འགྲེམས་ཚོང་བྱས་ཡོད།  ཤོ་མོང་ཤང་ནི་གཙོ་བོ་འབྲོག་ལས་གཉེར་སྐྱོང་བྱེད་པའི་ས་ཁུལ་ཞིག་ཡིན་པ་དང་།  ཤང་སྲིད་གཞུང་གིས་ཐོན་རྫས་འགྲེམ་ཚོང་གི་སྟེགས་བུ་བསྐྲུན་ནས་འབྲོག་པ་ཚོར་ཡོང་འབབ་འཕར་སྣོན་ཡོང་རྒྱུར་སྐུལ་འདེད་ཆེན་པོ་བཏང་ཡོད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1