༄༅།། དོན་གྲུབ་དབང་འབུམ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 11-30


        

        སྐྱེས་པ། བོད་རིགས། 1955ལོའི་ཟླ་7པར་སྐྱེས་པ་དང་། མཚོ་སྔོན་ཞིང་ཆེན་མཚོ་ཤར་ས་ཁུལ་གྱི་མི་རེད།

        རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་སྔོན་གྱི་ཀྲུའུ་རེན་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མི་དང་། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་པོའི་དགེ་རྒན་ཆེན་མོ་དང་འབུམ་རམས་པའི་སློབ་མའི་སློབ་དཔོན།
        1981ལོར་ཀྲུང་གོའི་གུང་ཁྲན་ཏང་ལ་ཞུགས་པ་དང་། 1982ལོར་ཀྲུང་དབྱང་མི་རིགས་སློབ་གླིང་གི་རྒྱའི་སྐད་ཡིག་རྩོམ་རིག་ཚན་ཁག་ནས་སློབ་གྲྭ་ཐོན་པ་དང་སློབ་ཆེན་གྱི་དངོས་གཞིའི་ཚན་ཁག་གི་སློབ་གཉེར་བརྒྱུད་རིམ་ལྡན།
        1973ལོར་ལས་ཀར་ཞུགས་པ་དང་སྔ་གཞུག་ཏུ་ཀན་སུའུ་ཞིང་ཆེན་དཔའ་རིས་བོད་རིགས་རང་སྐྱོང་རྫོང་སྟོང་བོན་སློབ་འབྲིང་དང་། མཚོ་སྔོན་ཞིང་ཆེན་དུར་ལམ་རྫོང་གི་ཆུ་ཁོལ་(热水)སློབ་གྲྭ ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་རིག་གནས་སྒྱུ་རྩལ་ཁང་བཅས་སུ་ཕྱག་ལས་གནང་བ།
        1990ལོ་ནས་1995ལོའི་བར་ལ་སྔ་གཞུག་དུ་ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པ་ཞིབ་འཇུག་ཁང་གི་འགོ་འཛིན་གཞོན་པ(ལས་ཀ་གཙོ་སྐྱོང་གནང་བ)།  བོད་རིག་པ་ཚན་ཁག་གི་ཀྲུའུ་རེན་དང་བོད་རིག་པ་ཞིབ་འཇུག་ཁང་གི་འགོ་འཛིན་གཅིག་ལྕོགས། མི་རིགས་རིག་པ་ཞིབ་འཇུག་གླིང་གི་གླིང་གཙོ་གཞོན་པ་དང་བོད་རིག་པ་ཚན་ཁག་གི་ཀྲུའུ་རེན་གཅིག་ལྕོགས་བཅས་ཀྱི་འགན་བཞེས།
        1995ལོ་ནས་1999ལོའི་བར་ལ་སྔ་གཞུག་དུ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་པོའི་ཏང་ཨུའི་རྒྱུན་ལས་ཨུ་ཡོན་(སློབ་གཙོ་གཞོན་པའི་རིམ་པ)དང་།  ཏུང་ཨུའི་ཧྲུའུ་ཅི་གཞོན་པ་དང་ལས་བྱེད་པ་དོ་དམ་སློབ་གླིང་ཡན་ལག་ཏང་ཨུའི་ཧྲུའུ་ཅི་གཅིག་ལྕོགས་བཅས་ཀྱི་འགན་བཞེས།
        1999ལོ་ནས་2006བར་ལ་སྔ་གཞུག་དུ་ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ལྟེ་གནས་(ཅུས་)ཀྱི་ཏང་ཨུའི་ཧྲུའུ་ཅི་དང་ཀྲུའུ་རེན་གཞོན་པ་དང་། ཏང་ཨུའི་ཧྲུའུ་ཅི་དང་ཀྲུའུ་རེན་བཅས་ཀྱི་འགན་བཞེས།
        2004ལོའི་ཟླ་2པ་ནས་2006ལོའི་ཟླ་1པོའི་བར་དུ་ཡུན་ནན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཡི་ཁོངས་མི་དང་། ཞིང་ཆེན་འགོ་འཛིན་གྱི་ལས་རོགས་ཀྱི་འགན་བཞེས།
        ཀྲུང་གོའི་གུང་ཁྲན་ཏང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་དྲུག་པ་དང་སྐབས་བཅུ་བདུན་པའི་འཐུས་མི་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1