ཞིང་ཆེན་ཏང་ཨུས་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས་འཚོགས་པ།

མཁའ་འགྲོ་མཚོས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 12-05


        ཟླ་12པའི་ཚེས་4ཉིན། ཞིང་ཆེན་ཏང་ཨུས་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས་འཚོགས་ཏེ། སི་ཁྲོན་ཞིང་ཆེན་གྱི་འབྲི་ཆུའི་དཔལ་འབྱོར་རྒྱུད་འཕེལ་རྒྱས་སུ་གཏོང་བའི་ལག་བསྟར་འཆར་འགོད་ཅེས་པར་གྲོས་ཞིབ་བྱས་པ་དང་། རྔ་བ་ཁུལ་དང་དཀར་མཛེས་ཁུལ་གཉིས་ཀྱིས་ད་ལོ་ཚུན་གྱི་དབུལ་བྲལ་འགག་སྒྲོལ་གྱི་བྱ་བའི་གནས་ཚུལ་སྐོར་དང་གོམ་སྟབས་རྗེས་མའི་བྱ་བའི་བཀོད་སྒྲིག་གྱི་སྙན་ཞུ་དང་། ད་ལོ་ཚུན་གྱི་ཞིང་ཆེན་ཡོངས་གཞི་རིམ་དུ་བསྐྱོད་པའི་སྤྱིའི་གནས་ཚུལ་གྱི་སྙན་ཞུ་སོགས་ལ་གསན་འཇོག་གནང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གིས་ཚོགས་འདུ་ལ་གཙོ་སྐྱོང་གནང་།
        ཚོགས་འདུའི་ཐོག སི་ཁྲོན་ཞིང་ཆེན་གྱིས་འབྲུ་ཆུའི་དཔལ་འབྱོར་རྒྱུད་འཕེལ་རྒྱས་སུ་གཏོང་བའི་ལག་བསྟར་འཆར་གཞི་ཞེས་པར་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་སྟེ། རྒྱལ་ཁབ་ཀྱི་ཁྱོན་ཡོངས་ལ་དམིགས་པ་དང་།རང་རེའི་ཞིང་ཆེན་གྱི་དོན་དངོས་གཞིར་བཟུང་ནས།ནན་ཏན་གྱིས་ལག་བསྟར་འཆར་འགོད་དམ་འཛིན་བྱ་དགོས་ཅེས་ནན་གྱིས་བསྟན་པ་རེད།
        ཚོགས་འདུའི་ཐོག སི་ཁྲོན་དང་རྒྱལ་ཡོངས་ཀྱིས་མཉམ་གཅིག་ཏུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱ་དགོས་ན། གཙོ་གནད་དེ་གྲོང་གསེབ་ཏུ་ཡོད་པ་དང་། དཀའ་གནད་དེ་ས་ཁུལ་ཆེན་མོ་བཞི་རུ་ཡོད། ལྷག་པར་དུ་བོད་ཁུལ་དང་དབྱི་རིགས་ས་ཁུལ་དུ་ཡོད་པས། ཆབ་སྲིད་ཀྱི་ལངས་ཕྱོགས་དང་དམིགས་ཡུལ་གྱི་འདུ་ཤེས། འགན་ཁུར་བ། མི་དམངས་ལ་བརྩེ་སེམས་འཆང་བ་དེ་གོམ་གང་མདུན་སྤོས་ཀྱི་སྒོ་ནས་གཏིང་ཇེ་ཟབ་དུ་བཏང་ཐོག་དབུལ་ཕོངས་ཚབས་ཆེ་བའི་ས་ཁུལ་དུ་དབུལ་བྲལ་འགག་སྒྲོལ་ཡོང་བའི་དོན་སྙིང་རླབས་ཆེན་དེ་ཤེས་སུ་འཇུག་དགོས། དེ་མིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་བྱེད་པ་རྒྱུན་འཁྱོངས་དང་། ནན་ཏན་གྱིས་ཏང་ཀྲུང་དབྱང་གི་སྲིད་དོན་གལ་ཆེན་གྱི་བྱེད་ཕྱོགས་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འཐབ་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་ཡོང་བ་བྱས་ཏེ། སེམས་ཐག་གཙང་བཅད་དང་ཡིད་ཆེས་བརྟན་པོའི་སྒོ་ནས། མུ་མཐུད་དུ་ཕུ་ཐུང་ཡར་ལ་བརྫེས་ཏེ་ཧུར་ཐག་གིས་བསྒྲུབ་པ་དང་། སེམས་ཤུགས་གཅིག་ཏུ་སྒྲིལ་ནས་ལས་འགན་ཁག་དོན་འཁྱོལ་ཡོང་བ་བྱས་ཏེ། རིག་ལམ་གསལ་བོ་དང་། སྲིད་ཇུས་ཆ་ཚང་། བྱེད་ཐབས་ནུས་ལྡན། དོ་དམ་ནན་ཏན་བཅས་ཀྱི་སྤྱོད་ཚུལ་ལ་བརྟེན་ནས། གནད་འཕིགས་དབུལ་སྐྱོར་དང་གནད་འཕིགས་དབུལ་བྲལ་གྱི་རྣམ་གྲངས་སོ་སོའི་བྱ་བ་ཁག་དམ་འཛིན་ནན་མོ་དང་དམ་འཛིན་ཞིབ་འཕྲ་བྱས་ཏེ། ན་ནིང་ལོར་ཐོག་མའི་རྒྱལ་ཁ་བླངས་བའི་འབྲས་བུའི་ཐོག་དུ་ཡང་བསྐྱར་རྒྱལ་ཁ་ལེན་པ་དང་འབྲེལ་མཐུད་དུ་རྒྱལ་ཁ་ལེན་པར་ཁག་ཐེག་བྱས་ཏེ། རང་རེའི་ཞིང་ཆེན་དེ་རྒྱལ་ཡོངས་དང་མཉམ་གཅིག་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་པར། གཅིག་ནས་གོམ་གང་མདུན་སྤོས་ཀྱི་སྒོ་ནས་རྩ་འཛུགས་ཀྱིས་འགན་ལེན་བྱེད་པར་ཤུགས་སྣོན་དང་། ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་དང་། ཕྱོགས་སོ་སོའི་ཐད་ཀྱི་སྟོབས་ཤུགས་གཅིག་དུ་བསྡུས་ནས། ཞིང་ཆེན་གྱི་འགོ་ཁྲིད་པ་དང་ཞིང་ཆེན་ཐད་གཏོགས་ཀྱི་སྡེ་ཁག་དང་མཐོ་རིམ་སློབ་གྲྭ སྨན་ཁང་། རྒྱལ་དབང་ཁེ་ལས་དང་ཞིང་ཆེན་ནང་ཁུལ་དུ་ལྟོས་བཅས་ཀྱིས་ཅུང་དར་རྒྱས་ཆེ་བའི་གྲོང་ཁྱེར་དང་རྫོང་གིས་དབུལ་ཕོངས་ཚབས་ཆེ་བའི་རྫོང་45ལ་འབྲེལ་བ་བྱས་ཏེ་དབུལ་སྐྱོར་བྱེད་པ་དེ་ཡོངས་སུ་ཁེབས་པར་བྱ་རྒྱུ། གཉིས་ནས་གོམ་གང་མདུན་སྤོས་ཀྱི་སྒོ་ནས་འཇོན་མའི་འདེགས་སྐྱོར་གྱི་ནུས་པ་མཐོར་འདེགས་དང་། དབུལ་ཕོངས་ཚབས་ཆེ་བའི་ས་ཁུལ་གྱི་འཇོན་མི་དཀོན་པའི་གནད་དོན་རྩ་བའི་ཐོག་ཐག་གཅོད་བྱེད་རྒྱུ།གསུམ་ནས་གོམ་གང་མདུན་སྤོས་ཀྱི་སྒོ་ནས་དབུལ་ཕོངས་མང་ཚོགས་ཀྱི་སེམས་ཤུགས་སྔོག་འདོན་བྱས་ཏེ། དབུལ་ཕོངས་མང་ཚོགས་ཀྱིས་དཀའ་སྤྱད་སྡུག་རུས་དང་ཧུར་ཐག་འབད་ཐག་གིས་དབུལ་བྲལ་ཡོང་བ་བྱས་ཏེ་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གསར་བ་རུ་སྐྱོད་པར་ཁྲིད་སྟོན་བྱ་རྒྱུ། གསུམ་ནས་གོམ་གང་མདུན་སྤོས་ཀྱི་སྒོ་ནས་ལས་བྱེད་པའི་སྤྱོད་ཚུལ་ལེགས་བཅོས་བྱེད་པ་དང་། དོན་དངོས་ལ་གཞིགས་ནས་ལས་ཀ་ཁག་དོན་འཁྱོལ་ཡོང་བ་དམ་འཛིན་བྱས་ཏེ། ཕྱིའི་རྣམ་པ་ཙམ་དང་རྫུན་བཟོས་གྲངས་ཀའི་སྒོ་ནས་དབུལ་བྲལ་མི་བྱེད་པར། མུ་མཐུད་དུ་དབུལ་བྲལ་འགག་སྒྲོལ་བྱེད་པའི་རྣམ་གྲངས་སོ་སོའི་བྱ་བ་ཁག་་ལ་རྣམ་པ་གསར་པ་གཏོད་རྒྱུ་བཅས་བསྟན་པ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1