གཞན་ཡུལ་དུ་གནས་སྤོས་ཏེ་མང་ཚོགས་ཀྱི་དཀའ་ཁག་སེལ་བ།

བདེ་མཆོག་གིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 12-05


        གཞན་ཡུལ་དུ་གནས་སྤོས་པ་ནི་དབུལ་སྐྱོར་གནད་འཁེལ་ལས་གཞིའི་ཁྲོད་ཀྱི་བྱེད་ཐབས་གཙོ་བོ་ཞིག་ཡིན་པ་དང་། ཉེ་བའི་ལོ་ཤས་རིང་དུ་བཙན་ལྷ་རྫོང་གིས་གནས་བརྟན་དང་བཅའ་སྡོད་ཟུང་དུ་སྤྲེལ་ནས། གནས་སྤོས་དང་དབུལ་སྒྲོལ་གྱི་གོམ་སྟབས་མཉམ་དུ་སྤོ་པ་རྒྱུན་འཁྱོངས་བྱས་ཤིང་། གནས་སྤོས་ཐུབ་པ། གཏན་འཇགས་ཡོང་བ། ཕྱུག་འགྱུར་ཡོང་བ་བཅས་ཀྱིས་དམིགས་འབེན་དམ་དུ་བཟུང་ནས། གནས་སྤོས་ལ་དཀའ་ཁག་ཡོད་པའི་མང་ཚོགས་ལ་བྱ་བ་བསྒྲུབས་པ་རེད། 
        ཁྱིམ་ཚང་དབུལ་བོ་རྣམས་རི་མགོ་ནས་གནས་སྤོས་པ་དང་། དེ་ནི་ཕྱུག་འགྱུར་གྱི་ལམ་དུ་སྟ་གོན་བྱས་པའང་རེད། ཡུལ་ཚོ་སྲིད་གཞུང་གིས་མང་ཚོགས་ལ་ཁང་བ་གསར་འཛུགས་ལ་ཧུར་ཐག་གིས་རོགས་སྐྱོར་བྱས་པ་མ་ཟད། ད་དུང་ཐབས་བརྒྱ་ཇུས་སྟོང་སྒོས་ཡུལ་གཞན་དུ་གནས་སྤོས་པའི་མང་ཚོགས་ལ་ལས་ཞུགས་ཀྱི་གནད་དོན་ཐག་བཅད་པ་རེད།
        གཞན་ཡུལ་དུ་གནས་སྤོས་པའི་ཧུ་མིན་ཆིན་དང་དབྱང་ཝུན་ཡོན་གཉིས་ནི་དབང་ཞི་གྲོང་རྡལ་གྱི་དབུལ་སྐྱོར་གནད་འཁེལ་གྱི་ལས་གཞིའི་ཁྲོད་ཀྱི་མཚོན་བྱེད་དུ་གྱུར་བ་དང་། ཁོ་ཚོ་གཞིས་ཁྱིམ་གསར་བའི་ནང་དུ་བསྡད་དེ་བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1