སྨན་བཅོས་ཞབས་ཞུའི་ནུས་པ་མཐོ་རུ་བཏང་སྟེ་མང་ཚོགས་ལ་དངོས་ཕན་ཐོགས།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 12-06


       གསེར་རྟ་རྫོང་གིས་སྨན་བཅོས་ཞབས་ཞུའི་ནུས་པ་དང་ཞིང་འབྲོག་མང་ཚོགས་ལ་སྨན་བཅོས་སྤུས་ལེགས་ཀྱི་ཞབས་ཞུ་མཐོར་འདེགས་བྱེད་པའི་དམིགས་ཡུལ་ལ་གཞིགས་ནས་གསེར་རྟ་རྫོང་བོད་སྨན་ཁང་གིས་2016ལོར་བོད་ལུགས་གསོ་རིག་གི་ཁྱད་ཆོས་ལྡན་པའི་སྨན་བཅོས་ལྟེ་གནས་བསྐྲུན་འགོ་ཚུགས་པ་དང་། 2016ལོའི་ཟླ་བ་10པར་འཛུགས་སྐྲུན་ལེགས་འགྲུབ་བྱུང་བའི་འཆར་འགོད་བྱས་ཀྱང་གསེར་རྟ་རྫོང་གི་དམིགས་བསལ་གྱི་གནམ་གཤིས་ཀྱི་རྐྱེན་པས་དུས་ཐོག་ཏུ་ལས་དོན་སྤེལ་མ་ཐུབ།

སྨན་བཅོས་ཞབས་ཞུའི་ནུས་པ་མཐོ་རུ་བཏང་སྟེ་མང་ཚོགས་ལ་དངོས་ཕན་ཐོགས།

      2017ལོའི་ཟླ་བ་6པའི་ཚེས་26ཉིན་བོད་སྨན་ཁང་གི་ཡོན་ཀྲང་ཟླ་བ་ནོར་བུའི་སྣེ་ཁྲིད་འོག་ལས་བཟོ་པར་སྨན་བཅོས་ལྟེ་གནས་ཀྱི་འཕྲུལ་ཆས་བཀོལ་སྤྱོད་བྱེད་པའི་གསོ་སྦྱོང་བྱས་ཏེ། མི་ཚང་མས་བེད་སྤྱོད་བྱེད་ཤེས་པ་དང་ཞབས་ཞུ་བྱེད་ཤེས་པར་བྱས་ནས་གསོ་སྦྱོང་ལ་ཕན་འབྲས་ཆེན་པོ་ཐོབ། 2017ལོའི་ཟླ་བ་6པའི་ཚེས་27ཉིན་བོད་སྨན་ཁང་གི་སྨན་བཅོས་ལྟེ་གནས་སུ་སྨན་བཅོས་ཞབས་ཞུའི་ལས་དོན་དངོས་སུ་སྤེལ་ཞིང་། ཞིང་འབྲོག་མང་ཚོགས་ལ་བོད་ལུགས་གསོ་རིག་གི་ཕན་ནུས་ཀྱི་དྲིལ་བསྒྲགས་ཡག་པོ་བྱས་པས2017ལོའི་ཟླ་བ་7པའི་ཚེས་13ཉིན་གྱི་བར་སྨན་པར་བསྟེན་མཁན་མིའི་ཐེངས་གྲངས་45ལ་ཟིན་པ་དང་། ནད་བརྟག་སྨན་བཅོས་ཡོང་འབབ་སྒོར་7110ལ་ཟིན་པ་རེད། བོད་སྨན་ཁང་གིས་ཉམས་མྱོང་ཕྱོགས་བསྡོམས་ཀྱི་གྲོས་ཚོགས་འཚོགས་པར་ལས་བཟོ་པ་རྣམས་ཀྱིས་མི་འདང་ས་དང་གནད་དོན་ཡོད་སར་ཐག་གཅོད་བྱེད་པའི་ཇུས་གཞི་བཏོན་པར་མ་ཟད། དེའི་ཐད་ལ་འཐུས་སྒོ་ཇེ་ཚང་དུ་བཏང་ནས་རྗེས་མའི་ལས་ཀར་རྨང་གཞི་ལེགས་པོ་བཏིང་བ་རེད།

སྨན་བཅོས་ཞབས་ཞུའི་ནུས་པ་མཐོ་རུ་བཏང་སྟེ་མང་ཚོགས་ལ་དངོས་ཕན་ཐོགས།

     ཕྱིན་ཆད་སྨན་བཅོས་ལྟེ་གནས་ཀྱི་དོན་ཚན་ཁག་འཐུས་ཚང་དུ་གཏང་རྒྱུ་དང་གནད་དོན་ཐག་གཅོད་ལེགས་པོ་བྱས་ཏེ། མང་ཚོགས་ལ་ཞབས་ཞུ་སྔར་ལས་བཟང་བ་དང་། སྨན་ཁང་གི་ཕྱོགས་གང་ཐད་ནས་འཕེལ་རྒྱས་ལེགས་སུ་གཏང་ཞིང་། གསེར་རྟ་རྫོང་གི་སྨན་བཅོས་འཕེལ་རྒྱས་ལ་སྐུལ་འདེད་ཇེ་དྲག་ཏུ་གཏང་རྒྱུ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1