བོད་ཀྱི་གྲོང་ཁྱེར་གཙོ་བོའི་དབར་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ཆ་རྐྱེན་ཇེ་ལེགས་སུ་ཕྱིན་པ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།  སྤེལ་དུས། 12-06


        ཉེ་བའི་ལོ་ཤས་རིང་། བོད་ཀྱིས་སྔ་རྗེས་སུ་མ་དངུལ་བཏང་ནས་ཉིང་ཁྲི་ནས་ལྷ་ས་བར་དང་། གཞིས་རྩེ་གནམ་ཐང་ནས་གཞིས་རྩེ་གྲོང་ཁྱེར་བར། རྩེད་ཐང་ནས་གོང་དཀར་གནམ་ཐང་བར། ལྷ་སའི་གྲོང་སྐོར་ལམ་སོགས་རིམ་མཐོའི་གཞུང་ལམ་རྣམ་གྲངས་7བསྐྲུན་ཡོད་པ་རེད། མིག་སྔའི་བར་བོད་ཀྱི་རིམ་མཐོ་ཡན་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་613ཟིན་ཡོད། རིམ་མཐོའི་གཞུང་ལམ་དེ་དག་བསྐྲུན་པ་དེས་བོད་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ནུས་པ་ཇེ་མཐོར་འགྲོ་རྒྱུ་དང་བོད་ཀྱི་གྲོང་ཁྱེར་གཙོ་བོའི་དབར་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་ཆ་རྐྱེན་ལེགས་སུ་འགྲོ་རྒྱུ་ཡིན་ཞིང་། འདི་ནི་རྩེད་ཐང་ནས་གོང་དཀར་གནམ་ཐང་བར་གྱི་རིམ་མཐོའི་གཞུང་ལམ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1