ཟུང་ཆུ་རྫོང་གིས་ས་ཞིང་འགན་གཙང་ལེན་བྱས་པ།

ལམ་བཟང་སྐྱིད་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 12-06


        ཉེ་ལམ་ཟུང་ཆུ་རྫོང་ས་དམར་ཡུལ་ཚོའི་ཧུང་ཙ་སྡེ་བ་ནས་གཏམ་བཟང་ཞིག་ཕྱོགས་བཞིར་ཁྱབ། དེ་ནི་ཞིང་བའི་ས་ཞིང་འགན་གཙང་ལེན་གྱི་དཔང་ཡིག་ཡིན་ཞིང་། ས་ཞིང་ལ་ཁྲིམས་མཐུན་གྱི་ཐོབ་ཐང་ཡོད་པ་མ་ཟད། འགན་གཙང་ལེན་གྱི་དུས་ཡུན་ནི་ལོ་ངོ་སུམ་ཅུའི་རིང་དུ་རྒྱུན་སྐྱོང་ཆོག་པ་རེད།
        ཞིང་བའི་ས་ཞིང་འགན་གཙང་ལེན་ནི་ས་ཞིང་འགན་སྲུང་གི་ཐབས་ཤིག་ཡིན་ལ། དེ་ནི་ས་ཞིང་ཉོ་ཚོང་ལ་འགན་སྲུང་བྱས་པ་རེད།  ས་ཞིང་འགན་གཙང་ལེན་གྱི་སྲིད་ཇུས་དེས་བྱ་བ་ཡོད་ཚད་འཐུས་ཇེ་ཚང་དུ་བཏང་ཡོད་པ་དང་། དེར་ཐོ་འགོད་བྱས་རྗེས་ལག་ཁྱེར་མང་ཚོགས་ལ་སྤྲོད་པ་དེ་ཡིས་ཞིང་བ་མང་ཚོགས་ཀྱི་བློ་བདེ་རུ་བཅུག་པ་མ་ཟད།  བཀོལ་སྤྱོད་ཀྱི་དབང་ཆ་ཡོད་པ་གཏན་འཁེལ་བྱས་པ་རེད།
        རྒྱུས་ལོན་བྱས་པ་ལྟར་ན་ཟུང་ཆུ་རྫོང་གི་ས་ཞིང་འགན་གཙང་ལེན་དེ་ཞིང་གྲོང་ཉེར་བཞི་དང་། སྲིད་འཛིན་གྲོང་ཚོ་བརྒྱ་དང་ཞེ་གཅིག ཁྱིམ་ཚང་1103 ས་ཞིང་མུའུ་189023ལ་ཁྱབ་ཡོད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1