སྲོལ་རྒྱུན་གྱི་བོད་ཆས་དར་སྲོལ་གསར་པར་གྱུར།

རྩོམ་སྒྲིག་པ།ཡོང་ཁུངས། མི་དམངས་དྲ་བ། སྤེལ་དུས། 12-07


        2001ལོར། བོད་རིགས་ཀྱི་གྱོན་ཆས་ཇུས་འགོད་པ་བཀྲ་ཤིས་ལྷ་སར་འབྱོར་བ་མ་ཟད། ཕྱི་ལོར་དར་སོ་ཆེ་བའི་བོད་ཆས་སྤུས་རྟགས་"ཡིད་འོང་"ཞེས་པ་གསར་གཏོད་བྱས། ལོ་འགའི་རིང་ལ། བཀྲ་ཤིས་དང་ཁོང་གི་ཚོགས་པས་ལྷ་སའི་བར་སྐོར་ལམ་གྱི་སྒོ་རྭ་རྙིང་པའི་ནང་དུ། བོད་ཀྱི་སྲོལ་རྒྱུན་དང་དེང་རབས་ཀྱི་དར་སྲོལ་ཆེ་རིགས་ལྷན་དུ་ཇུས་འགོད་བྱས་ནས། སྲོལ་རྒྱུན་གྱི་བོད་ཆས་བློ་ཁོག་ཆེན་པོས་གསར་དུ་གཏོད་ནས། བོད་ཆས་དཔེ་གསར་བཟོས་པ་རེད། བཀྲ་ཤིས་ཀྱིས་ཇུས་འགོད་བྱས་པའི་བོད་ཆས་དཔེ་གསར་ལ། དེ་གའི་ལོ་ཆུང་གཞོན་ནུས་དགའ་པོ་བྱེད་པ་མ་ཟད། ད་དུང་ཐག་རིང་བལ་ཡུལ་དང་རྒྱ་གར་སོགས་པའི་ས་ཆ་མང་པོ་དང་། ཐ་ན་ཡོ་རོབ་གླིང་ཀྱི་ས་ཁུལ་དུའང་བྲིན་འཚོང་བྱེད་བཞིན་ཡོད་པ་རེད། སྤུས་རྟགས་ཀྱང་ལྷ་ས་དང་པེ་ཅིང་སོགས་སུ་དུས་རབས་ཀྱི་གྱོན་ཆས་ཤོམ་སྟོན་བྱས་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1