མཛོད་དགེ་རྫོང་གིས་སྨན་བཅོས་ལས་དོན་གོ་རིམ་ལྡན་པར་སྤེལ།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 12-07


        མཛོད་དགེ་རྫོང་རྒྱང་སྒྲོག་བརྙན་འཕྲིན་ཁང་ནས་སྤེལ་བའི་གནས་ཚུལ། མང་ཚོགས་དབུལ་བོ་རྣམས་ཀྱི་སྨན་ཡོན་སྔོན་སྟེར་གྱི་གནོན་ཤུགས་བསལ་ཏེ། ཡུལ་གྲོང་སྡོད་དམངས་ཀྱི་སྨན་བཅོས་འགན་ལེན་ཚབས་ཆེའི་ནད་འགན་བཅོལ་སྨན་བཅོས་རོགས་སྐྱོབ་སོགས་སྨན་བཅོས་འགན་ལེན་དང་རོགས་སྐྱོབ་སྲིད་ཇུས་ཀྱི་ཕན་ནུས་ལེགས་པར་འདོན་ཕྱིར། མཛོད་དགེ་རྫོང་གིས་སྨན་བཅོས་སྔོན་འགྲོ་དང་སྨན་ཡོན་རྗེས་སྟེར་གྱི་ལས་དོན་གོ་རིམ་ལྡན་པར་སྤེལ་ཏེ། ནུས་ཤུགས་ཡོད་རྒུས་དབུལ་ཕོངས་ནད་པའི་དུས་ཐོག་སྨན་བཅོས་འགན་བླངས། 
        རྒྱུས་ལོན་བྱས་པ་ལྟར་ན་སྨན་བཅོས་སྔོན་འགྲོ་དང་སྨན་ཡོན་རྗེས་སྟེར་ལམ་ལུགས་ནི་ད་ལོའི་ཟླ་བཅུ་བར་མཛོད་དགེ་རྫོང་གིས་ཁྱབ་གདལ་དུ་བཏང་བ་རེད་ལ། སྨན་བཅོས་རོགས་སྐྱོབ་ཞབས་ཞུའི་སྔོན་འགྲོའི་འགྲོ་ལུགས་སྟབས་བདེར་བཏང་བ་རེད། 
        མཛོད་དགེ་རྫོང་མི་དམངས་སྨན་ཁང་གི་ཧྲུའུ་ཅིའམ་ཡོན་ཀྲང་ཧྥ་མའོ་སུང་གིས་མཚམས་སྦྱོར་བྱས་པ་ལྟར་ན་སྨན་ཁང་གིས་ནད་པ་དབུལ་བོར་སྨན་བཅོས་སྔོན་འགྲོ་དང་སྨན་ཡོན་རྗེས་སྟེར་གྱི་ལམ་ལུགས་ལག་ཏུ་བསྟར་རྗེས། ནད་པ་དབུལ་བོ་རྣམས་ལ་སྟབས་ཇེ་བདེར་བཏང་འདུག་ཟེར།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1