༄༅།། བཅའ་ཁྲིམས་ལ་བརྟེན་ནས་ཁྲམ་རྒན་ཁྲེལ་མེད་ལ་ཁ་གཏད་འཇལ་ཐབས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 12-11


ཁྲིམས་ཁང་གི་བཙན་འདོམས་ལག་ཐབས་རིགས་བཅུ་བཞི་གཤམ་གསལ། 
1、ཁྲིམས་ཁང་གིས་ལག་བསྟར་བྱ་ཡུལ་ལ་《ལག་བསྟར་བརྡ་ཐོ》བཏང་ནས། རྒྱུ་ནོར་སྙན་སེང་ཞུ་བར་ལག་བསྟར་བྱ་ཡུལ་འགུགས་འབོད་བྱ་རྒྱུ། 
2、དངུལ་ཁང་གི་ཐོ་ཁོངས་དང་། བཅོལ་དངུལ། ཡོང་འབབ། རྒན་གསོའི་གྲོན་དངུལ་བཅས་བསྡམས་འཇོག་བྱ་རྒྱུ། 
3、གཏན་དངོས(ཁང་པ་ལྟ་བུ)ཧབ་འཚོང་སྐུལ་བར་སྒོ་ཟམ་འཐེན་རྒྱུ།
4、སྒུལ་དངོས(རླངས་འཁོར་ལྟ་བུ)བཙན་ཉར་སྒོ་ཟམ་འཐེན་རྒྱུ།
5、ཤེས་རིག་བདག་དབང་འཚོང་སྒྱུར་བྱེད་པར་བཀག་འགོག་བྱས་ཤིང་། དེ་འབྲེལ་གྱི་རྐང་དབང་དང་འཛིན་ལོར་སོགས་ཀྱི་ཐོ་ཁོངས་བསྡམས་འཇོག་བྱ་རྒྱུ།
6、སྔོག་བཤེར་བཀའ་རྒྱ་བཏོན་ནས་ལག་བསྟར་བྱ་ཡུལ་དང་དེའི་སྡོད་གནས་སམ་རྒྱུ་ནོར་སྦ་སྐུང་བྱེད་གནས་སུ་སྔོག་བཤེར་བྱ་རྒྱུ། 
7、སྡོད་ཁང་ནས་བཙན་འདོམས་ཕྱིར་སྤོའམ་ཡང་ན་ས་ཆ་བཙན་འདོམས་ཕྱིར་སློག་བྱེད་འཇུག་རྒྱུ། 
8、བཙན་འགུགས་བྱས་ཏེ་བརྟག་དཔྱད་འདྲི་རྩད་བྱ་རྒྱུ། ངེས་པར་དུ་བརྟག་དཔྱད་འདྲི་རྩད་དང་ལེན་བྱེད་དགོས་པའི་ལག་བསྟར་བྱ་ཡུལ་དང་། ལག་བསྟར་བྱ་ཡུལ་གྱི་ཁྲིམས་བཅད་འཐུས་ཚབ། འགན་འཁུར་མི་སྣའམ་དངོས་སུ་ཚོད་འཛིན་བྱེད་མཁན་བཅས་ལ་ཁྲིམས་ལྟར་འགུགས་འབོད་བྱས་ཀྱང་རྒྱུ་མཚན་ལུགས་མཐུན་མེད་བཞིན་བོས་གནས་སུ་མི་འབྱོར་རིགས། མི་དམངས་ཁྲིམས་ཁང་གིས་བོས་གནས་སུ་བཙན་འགུགས་བྱེད་ཆོག 
9、ཕུང་གསུམ་པར་རེ་འདུན་ཞུ་ཡིག་ལྟར་དུས་ཐེམས་བུན་དབང་ལག་བསྟར་བྱ་རྒྱུ། 
10、འཛད་སྤྱོད་ཚོད་འཛིན་གྱི་བཀའ་འབེབས་རྒྱུ། ལག་བསྟར་བྱ་ཡུལ་ནི་རང་བྱུང་མི་ཡིན་རིཊ། འཛད་སྤྱོད་ཚོད་འཛིན་གྱི་བྱ་ཐབས་སྤེལ་ཚུན་གཤམ་གསལ་གྱི་འཛད་སྤྱོད་མཐོ་གྲས་དང་། འཚོ་བ་དང་ལས་ཀའི་དགོས་ངེས་མ་ཡིན་པའི་འཛད་སྤྱོད་བྱེད་མི་ཆོག 
(༡)འགྲིམ་འགྲུལ་ཡོ་བྱད་དུ་ཞུགས་སྐབས་གནམ་གྲུ་དང་། མེ་འཁོར་གྱི་འབོལ་གདན་ཉལ་ཁྲི། གྲུ་གཟིངས་ཀྱི་རིམ་པ་གཉིས་པ་ཡན་གྱི་ཉལ་ཁྲི་བཅས་གདམ་པ།
(༢)སྐར་རིམ་ཅན་ཡན་གྱི་མགྲོན་ཁང་དང་། གསོལ་མགྲོན་ཁང་། མཚན་མོའི་སྤྲོ་ཁང་། ཀོར་ཧྥུ་སྤོ་ལོའི་ཐང་བཅས་སུ་རྒྱས་སྤྲོས་འཛད་སྤྱོད་བྱེད་པ།
(༣)གཏན་དངོས་སམ་ཡང་ན་གསར་སྐྲུན་དང་། རྒྱས་སྐྲུན། མཛེས་བཟོ་སྤུས་དག་བྱས་པ་བཅས་ཀྱི་ཁང་པ་ཉོ་བ། 
(༤)གནས་གོང་ཆེ་བའི་ཐོག་རྩེགས་ཁང་ཆེན་དང་། མགྲོན་ཁང་། སྤྱི་ཤག་སོགས་བོགས་མ་བླངས་ནས་ལས་གཉེར་བྱེད་པ།
(༥)ཚོང་གཉེར་ལ་ཉེ་བར་མཁོ་བ་མ་ཡིན་པའི་རླངས་འཁོར་ཉོ་བ། 
(༦)ཡུལ་སྐོར་དང་སྤྲོ་འཆམ་འགྲོ་བ།
(༧)འགྲོ་སོང་བསྡུ་བའི་སྒེར་གཉེར་སློབ་གྲྭར་བུ་ཕྲུག་འཇོག་པ།
(༨)འགན་བཅོལ་གྲོན་དངུལ་མཐོ་པོ་འཇལ་ནས་རྒྱུ་ནོར་བདག་གཉེར་གྱི་ཐོན་རྫས་ཉོ་བ།
(༩)ཡིག་འགོ་Gཅན་གྱི་ཤུགས་འགྲེམས་མེ་འཁོར་གྱི་རྐུབ་སྟེགས་མཐའ་དག་དང་། ཤུགས་འགྲེམས་མེ་འཁོར་གཞན་དག་གི་རིམ་པ་དང་པོ་ཡན་གྱི་རྐུབ་སྟེགས་སུ་སྡོད་པ་སོགས་འཚོ་བ་དང་ལས་ཀའི་དགོས་ངེས་མ་ཡིན་པའི་འཛད་སྤྱོད་གཞན་དག་སྤེལ་བ། 
        ལག་བསྟར་བྱ་ཡུལ་ཚན་པ་ཡིན་རིགས། འཛད་སྤྱོད་ཚོད་བཀག་བྱས་རྗེས།ལག་བསྟར་བྱ་ཡུལ་དང་དེའི་ཁྲིམས་བཅད་འཐུས་ཚབ། འགན་འཁུར་མི་སྣ་གཙོ་བོ།བུན་འགན་བསྒྲུབ་མཁན་གྱི་ཐད་ཀའི་འགན་འཁུར་མི་སྣ། དོན་དངོས་ཚོད་འཛིན་བྱེད་མཁན་བཅས་ལ་གོང་གསལ་གཏན་འབེབས་ཀྱི་བྱ་སྤྱོད་སྤེལ་མི་རུང་། 
11、རྒྱལ་ཁོངས་ལས་བརྒལ་བར་བཀག་སྡོམ་བྱ་རྒྱུ། 
12、སྨྱན་སྦྱོར་བརྒྱུད་དེ་ཡིན་རྟོན་མེད་པའི་མིང་ཐོ་ཁྱབ་བསྒྲགས་བྱ་རྒྱུ། 
13、སྲིད་འཛིན་བཀག་ཉར་བྱ་རྒྱུ། 

14、དཔྱད་མཚམས་དང་ཁྲུན་ཁྲ་ལག་བསྟར་མི་བྱེད་པའི་ནག་ཉེས་འགེལ་རྒྱུ།།

(ལྷ་མོའི་ཁྲིམས་བཤད་ཅེས་པའི་འཕྲིན་སྟེགས་ལས་བཤུས།)




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1