མཛོད་དགེས་ཁྲིམས་སྐྱོང་རིག་གནས་ཀྱི་དྲིལ་སྒྲོག་ལ་ཤུགས་སྣོན་བྱས།

ཚེ་རིང་ལྷ་མོ་དང་ལྷ་མོ་འཚོ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 12-12


      ཁྲིམས་ལུགས་ཤེས་བྱ་སྔར་བས་ཁྱབ་གདལ་དུ་གཏོང་བ་དང་། ཁྲིམས་མཐུན་གྱིས་རྫོང་ཁུལ་གསར་བཅོས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བར། མཛོད་དགེ་རྫོང་གིས་ཁྲིམས་སྐྱོང་དྲིལ་བསྒྲགས་ཀྱི་རྣམ་པ་གསར་འཛུགས་བྱེད་པ་ནས་ཤུགས་བསྣན་ཏེ། ཧུར་བརྩོན་ཆེན་པོས་ཁྲིམས་སྐྱོང་རིག་གནས་ཀྱི་རྟེན་གཞི་ས་ཁུལ་གསར་འཛུགས་བྱེད་པར་ཤུགས་བསྣན། བརླན་སའི་སྤྱི་གླིང་ནི་མི་དམངས་འཆམ་འཆམ་དང་ཁམས་བསང་དུ་འགྲོ་སའི་གནས་ལེགས་པོ་ཞིག་ཡིན་ལ། དེ་རུ་ཡུལ་ལྗོངས་ལ་ལྟད་མོ་བལྟ་མཁན་དང། རྩེད་མོར་རོལ་བ། འཆམ་འཆམ་དུ་འགྲོ་མཁན་སོགས་ཀྱི་མི་མང་པོ་ཡོད་པས། མཛོད་དགེ་རྫོང་གི་ཁྲིམས་འཛིན་ཅུས་ཀྱིས་བརླན་སའི་སྤྱི་གླིང་གི་གྱང་ངོས་ཤིག་བེད་སྤྱད་དེ་བློ་རྩེ་གཅིག་སྒྲིམ་གྱིས་བརླན་སའི་སྤྱི་གླིང་གི་ཁྲིམས་སྐྱོང་རིག་གནས་ཀྱི་དོ་ར་ཞིག་བསྐྲུན་པ་རེད། དེས་སྤྱི་གླིང་གི་འགྲོ་འོང་བྱེད་སའི་གྱང་དེ་ནང་དོན་ཕུན་སུམ་ཚོགས་པ་ཞིག་ཏུ་བཟོས་པ་མ་ཟད། ལྟད་མོ་བ་སོགས་མི་མང་པོའི་མིག་དབང་ཀྱང་འཕྲོག་བཞིན་འདུག

      རྒྱུས་ལོན་པ་ལྟར་ན། ཁྲིམས་སྐྱོང་རིག་གནས་ཀྱི་དོ་ར་འདི་ལ་འགྲོ་སྒོ་བསྡོམས་པས་སྒོར་ཁྲི་8ཡས་མས་ཤིག་བཏང་ཞིང་། སྤྱིའི་རིང་ཚད་ལ་སྨི་80ལྷག་ཡོད་ལ། ངོས་ཆུང་ངུ་27གྱིས་གྲུབ་ཡོད། དེར་ཁྲིམས་མཐུན་རྒྱལ་སྐྱོང་གི་འབྲེལ་ཡོད་ནང་དོན་དང་། ཚོགས་ཆེན་བཅུ་དགུ་བའི་སྙན་ཞུའི་ཁྲིམས་སྐྱོང་ཚན་པ། རྫོང་གི་རྩ་དོན་ཆེན་མོ་ལྔ་དང་འགན་འཁྲི་བདུན་གྱི་ཁྲིམས་གདལ་འཆར་བཀོད། དེ་མིན་མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་དང་འབྲེལ་བ་ཏན་ཏན་ཡོད་པའི་ཁྲིམས་ལུགས་ཤེས་བྱ་སོགས་ཀྱི་ནང་དོན་འདུས་ཡོད། ཁྲིམས་སྐྱོང་སྐོར་གྱི་ལེགས་བཤད་དང་། དཔེ་མཚོན་ལྡན་པའི་དོན་དག ཁྲིམས་སྐྱོང་གི་གཞི་རྩའི་རྣམ་པ་སོགས་ཁྲིམས་ལུགས་ཤེས་བྱ་མང་པོ་རྟོགས་སླ་བའི་རབ་བཏགས་རི་མོ་དང་ནང་དོན་གོ་སླ་བའི་ཡི་གེའི་ལམ་ནས་མངོན་པར་བྱས་ཡོད། དེས་ནི་རྒྱ་ཆེ་བའི་མི་དམངས་མང་ཚོགས་ལ་བག་ཆགས་རིམ་འགྱུར་གྱིས་ཁྲིམས་སྐྱོང་རིག་གནས་ཀྱི་བློ་སྦྱོང་ཐོབ་ཏུ་བཅུག་ཅིང་། ཁྲིམས་སྐྱོང་གི་འདུ་ཤེས་ཇེ་བརྟན་དང་། ཁྲིམས་ལ་བརྩི་བཀུར་དང་། ཁྲིམས་ལ་སློབ་སྦྱོང་བྱེད་པ། ཁྲིམས་སྲུང་ཞིང་ཁྲིམས་སྤྱོད་པའི་གནས་བབ་ལེགས་པོ་ཞིག་གསར་དུ་ཆགས་པར་བྱས་ཡོད།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1