སི་ཁྲོན་གྱིས་2017ལོའི་འགྲིམ་འགྲུལ་གནད་སྨིན་དབུལ་སྐྱོར་གྱི་མ་འཇོག་འཆར་གཞི་སྔ་སྣུར་དུ་ལེགས་སྒྲུབ་བྱས་པ།

རྩོམ་སྒྲིག་པ།ཡོང་ཁུངས།ཤིན་ཧྭ་གསར་འགྱུར་ཁང་།  སྤེལ་དུས། 12-13


           གསར་འགོད་པས་སི་ཁྲོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ནས་ཤེས་རྟོགས་བྱས་པ་ལྟར་ན། 2017ལོའི་ཟླ་དང་པོ་ནས་བཅུ་པའི་རིང་སི་ཁྲོན་ཞིང་ཆེན་གྱིས་འགྲིམ་འགྲུལ་གནད་སྨིན་དབུལ་སྐྱོར་ལ་མ་དངུལ་སྒོར་དུང་ཕྱུར་570བཏང་བ་དེས་ལོ་འཁོར་དམིགས་ཚད་ཀྱི་སྒོར་དུང་ཕྱུར་514ཡི་110.9%ཟིན་པ་དང་འཛུགས་སྐྲུན་ལས་འགན་ཁག་ལ་སྐུལ་འདེད་ནུས་ལྡན་བཏང་བ་རེད།
          ད་ལོ་ནས་བཟུང་སི་ཁྲོན་གྱིས་འགྲིམ་འགྲུལ་དབུལ་སྐྱོར་དེ“དོན་ཆེན་གཙོ་བོར”བརྩིས་ནས་ས་ཁུལ་དབུལ་པོའི་འགྲིམ་འགྲུལ་གྱི་ཞན་ཆ་ཧུར་ཐག་ངང་གསབ་པ་དང་། རྣམ་གྲངས་ཀྱི་མ་དངུལ་དེ་ས་ཁུལ་དབུལ་པོར་གཙོ་གནད་ཐོག་གཟིགས་སྐྱོང་བྱས་པ་མ་ཟད། ལོ་འཁོར་གྱི་དབུལ་སྒྲོལ་གྱི་ཞྭ་མོ་འཕུད་པའི་རྫོང་དབུལ་པོ་དང་གྲོང་ཚོ་དབུལ་པོར་ཨར་འདམ་ལམ་ཁྱབ་པའི་མ་དངུལ་ལོ་སྟོད་དུ་ཡོངས་སུ་དོན་འཁྱོལ་བྱས་ནས་དངུལ་རྩའི་དབུལ་སྐྱོར་གྱི་རྒྱབ་སྐྱོར་སྲིད་ཇུས་གང་ལེགས་སྤྱོད་པ་དང་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་གྱི་མ་དངུལ་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་རྩིས་ཡོད་པ་རེད།
          རྫོང་དབུལ་པོར་མྱུར་བགྲོད་གཞུང་ལམ་ཁྱབ་ཁྱོན་ཆེ་རུ་མུ་མཐུད་བཏང་ཞིང་། སི་ཁྲོན་གྱིས་ད་ལོར་དབྱི་པིན་ཤིན་ཧྲི་ནས་ཕན་ཀྲི་ཧྭ་བར་དང་ལེ་ཤིས་མྱུར་བགྲོད་གཞུང་ལམ་མ་པེན་ནས་ཀྲའོ་ཅའོ་དུམ་བུའི་བར་སོགས་མྱུར་བགྲོད་གཞུང་ལམ་རྣམ་གྲངས་12གསར་དུ་བསྐྲུན་འགོ་ཚུགས་པ་དང་། ཞུས་ཡུང་ནས་ཀུའུ་ལིན་སོགས་རྣམ་གྲངས་4(ལམ་དུམ)བསྐྲུན་ནས་འཁོར་རིགས་ཤར་གཏོང་ཐུབ་པ་དང་། ལོ་མཇུག་ཏུ་སྔོན་དཔག་ལྟར་ན་གཡག་རྔ་ནས་དར་རྩེ་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་རྩྭ་རགས་ནས་ལྕགས་ཟམ་ཁ་བར་གྱི་དུམ་བུ་བསྐྲུན་ནས་དཀར་མཛེས་བོད་རིགས་ས་ཁུལ་གྱི་མྱུར་བགྲོད་གཞུང་ལམ་ལ་ཚད་བརྒལ་ཡོང་རྒྱུ་ཡིན་པ་རེད།
          རྒྱལ་ཁབ་དང་ཞིང་ཆེན་གྱི་མ་ལམ་གྱི“བགྲོད་ལམ་ཆེན་པོ”སྔར་བས་ཤར་གཏོང་བྱས་ཤིང་། མིག་སྔར་སི་ཁྲོན་གྱི་རྫོང་དབུལ་པོ་88ཀྱི་ནང་ནས་རིམ་པ་གཉིས་དང་དེ་ཡན་གྱི་གཞུང་ལམ་གྱིས་རྒྱལ་ཁབ་དང་ཞིང་ཆེན་གྱི་གཞུང་ལམ་དཀྱུས་མའི་ལམ་ཚད་ཧྲིལ་པོའི་72.4%ཟིན་ཡོད། དཀར་མཛེས་ཀྲོའུ་ཡི་སྡེ་རོང་དང་ཕྱག་ཕྲེང་གི་རྫོང་2ཀྱི་ཕྱི་ཕྱོགས་རིམ་མཐོའི་གཞུང་ལམ་མགྱོགས་མྱུར་སྐྲུན་པ་ཕུད་དེ་བྱིངས་ཀྱི་རྫོང་དབུལ་པོར་སྤྱིར་ན་གྲོང་ཁྱེར་ནས་རྫོང་བར་ལ་རིམ་གཉིས་དང་དེ་ཡན་གྱི་གཞུང་ལམ་ཤར་གཏོང་ཐུབ་ཡོད་པ་རེད།
          དེ་དང་ཆབས་ཅིག་སི་ཁྲོན་གྱིས་ད་དུང་གྲོང་གསེབ་ཀྱི་འགྲིམ་འགྲུལ་ཞབས་ཞུའི་འགན་ལེན་ཆུ་ཚད་མུ་མཐུད་མཐོ་རུ་བཏང་ཞིང་། ད་ལོའི་ཟླ་དང་པོ་ནས་བཅུ་པའི་རིང་ས་ཁུལ་དབུལ་པོར་རིམ་རྩིས་བྱས་ན་རྫོང་རིམ་པའི་འགྲུལ་སྐྱེལ་བབས་ཚུགས་4དང་། ཤང་དང་གྲོང་རྡལ་གྱི་འགྲུལ་སྐྱེལ་བབས་ཚུགས་103 གྲོང་ཚོ་རིམ་པའི་སྣེ་ལེན་བབས་ཚུགས་5556བཅས་བསྐྲུན་འགོ་ཚུགས་པ་དང་བསྐྲུན་ཟིན་པ་དེས་ལོ་འཁོར་དབུལ་སྐྱོར་དམིགས་ཚད་ཀྱི་80%དང་། 51.5% 185.2%བཅས་སོ་སོར་ཟིན་ཡོད། ཟམ་པ་80གསར་དུ་བསྐྲུན་ནས་དམངས་འཚོའི་ལས་གྲྭའི་དམིགས་ཚད་དང་ལས་འགན་གྱི་89%ལེགས་གྲུབ་བྱས་ཡོད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1