ཞིང་ཆེན་ཡོངས་ཀྱི་དབུལ་ཕོངས་ཚབས་ཆེ་བའི་ས་ཁུལ་གྱི་དབུལ་བྲལ་འགག་སྒྲོལ་བྱ་བར་སྐུལ་འདེད་གཏོང་བའི་ཚོགས་ཆེན་དེ་ཁྲེང་ཏུའུ་རུ་ཚོགས།

མཁའ་འགྲོ་མཚོས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 12-14


        ཟླ་12པའི་ཚེས་11ཉིན། ཞིང་ཆེན་ཡོངས་ཀྱི་དབུལ་ཕོངས་ཚབས་ཆེ་བའི་ས་ཁུལ་གྱི་དབུལ་བྲལ་འགག་སྒྲོལ་བྱ་བར་སྐུལ་འདེད་གཏོང་བའི་ཚོགས་ཆེན་དེ་ཁྲེང་ཏུའུ་རུ་ཚོགས། ཚོགས་འདུའི་ཐོག་ཏུ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། སི་ཁྲོན་གྱིས་དབུལ་ཕོངས་ཚབས་ཆེ་བའི་ས་ཁུལ་དུ་དབུལ་བྲལ་་འགག་སྒྲོལ་བྱེད་པར་ཡང་བསྐྱར་སྐུལ་སློང་དང་བཀོད་སྒྲིག་སྐུལ་འདེད་བཅས་བཏང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུངས་བཤད་གནང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་སྲིད་གཞུང་གི་འགན་འཛིན་པ་དབྱི་ལི་ཡིས་ཚོགས་འདུར་གཙོ་སྐྱོང་གནང་བ་དང་ཚོགས་འདུའི་དགོངས་དོན་ཁག་ལག་བསྟར་དོན་འཁྱོལ་ཡོང་བའི་ཐད་དུ་བླང་བྱ་བཏོན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཏེང་ཞའོ་ཀང་ཚོགས་འདུར་ཞུགས།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1